རྒྱང་རིང་རྒྱིང་རིང་ཞིག་ན།
འཁོན་ཁྲི་གཤོག་ནས།
7,16 ཉིན་ཕ་ཡུལ་ནས།
སྤྲིན་དཀར་ཞིག་རྒྱང་རིང་ལ་བཞུད་རྗེས
ངས་དེ་ལ་མིག་ཆུ་དང་སེམས་གཏམ་རུམ་བཀང་ཤོར
ལྷང་འཇགས་ཀྱི་ཡུལ་གྲུ་འདི་ནས
ང་རང་ སྔར་བཞིན
ཁེར་རྐྱང་གི་འབྲོང་ཕྲུག་བཞིན་ལུང་ཁུག་འདི་ལས་ཕར་བརྒལ་མ་ཐུབ།
ཕར་ཅི་ཙམ་བལྟོས་ཀྱང་རི་བོ་དེ་སྔར་བཞིན་མཐོ
ཡོད་ངེས་བ་ཕ་རོལ་གྱི་ཁྱོད་དེ
ངའི་སེམས་པ་ཡ་གཅིག
རྒྱང་རིང་ལ་ཕྱོགས་པའི་སེམས་པ་དེས
གདོང་ཁ་ན་རྒྱང་ལྟ་བྱས་ཡོད་ལ
ལུང་ཁུག་ན་མིག་ཆུ་འཕོས་ཡོད
འོན་ཀྱང
ཁྱོད་ཀྱི་སྐད་ངག་དང་དགོད་སྒྲ་རྒྱང་རིང་རྒྱང་རིང་ཞིག་ན
ཁྱོད་ཀྱི་ཨ་ལན་དང་མིག་ཆུ་ད་དུང་རྒྱང་རིང་རྒྱང་རིང་ཞིག་ན
ཁྱོད་ཀྱི་བརྩེ་བ་དང་དྲོད་ཁོལ་དེ་ལས་ཀྱང་རྒྱང་རིང་རྒྱང་རིང་ཞིག་ན།