ཁ་ནས་རྟ་ལ་བརྩེ་བ་ཡོད་རབས་བཤད། །
ཁ་ཟས་འབྲུ་རིགས་ཁོ་ན་ཡིན་རབས་དང་། །
ཉལ་ས་འདུག་ས་མི་ལས་ཡག་རབས་དང་། །
འགྲོ་འདུག་སྤྱོད་ས་རླང་འཁོར་ཡོད་རབས་བཤད། །
རྟ་ཚོགས་རྒྱུགས་ལ་མགྲན་པའི་སྐབས་དེ་ན། །
ལེ་བར་མང་བའི་ལམ་དུ་རྒྱུགས་པའི་དུས། །
ལྕག་ཚན་རྟ་ལ་དབྱུག་པའི་བྱ་ངན་དེས། །
ཁྱེད་ཀྱི་རྟ་ལ་ཡོད་པའི་བརྩེ་བ་མཚོན། །
དུད་འགྲོ་མང་པོས་སྐོར་བའི་ས་སྟོང་ན། །
རྐང་གཉིས་ཅན་གྱི་དབང་ཆེན་དུད་འགྲོ་ཡིས། །
དུད་འགྲོ་གཞན་ཞིག་བཙན་གྱིས་དེད་པའི་དུས། །
རང་ཉིད་དུད་འགྲོ་ཡིན་པའི་རང་རྟགས་ངོམས། །
དུད་འགྲོའི་བརྩེ་བ་ཁ་ནས་བཤད་པ་ལས། །
དོན་དངོས་ཉིད་ཀྱི་གཏམ་དང་སྙན་གྲགས་སོགས། །
ཁོ་ནའི་ཆེད་དུ་ཡིན་པའི་བདེན་དཔང་ནི། །
རྒྱུགས་ལ་ངར་བའི་རྟ་ལ་དགའ་བས་མཚོན། །
་་་་་་རྒྱ་མཚོ་ནས་གུང་སེང་ཉིན་་་་་་