བཞིན་བཟང་མཛངས་མ་ནི།། པི་ཝང་་དཀྲོལ་གྱིན་འགུགས།།
རྩོམ་མཁན། མིང་མེད་སྐྱབས།
བོད་སྒྱུར། ཚེ་ཏན་དོན་གྲུབ།
原著:无名氏
ལྷ་བྱ་མགྲིན་སྔོན་ནི།།ཆུ་བོའི་གཞུང་དུ་གྲག །
བཞིན་བཟང་མཛངས་མ་ནི།།སྐྱེས་མཆོག་དམ་པའི་གྲོགས།།
关关雎鸠,在河之洲。窈窕淑女,君子好逑。
ཆུ་སྐྱེས་མི་མཉམ་པ།།གཡོན་ནས་གཡས་སུ་ལེན།།
བཞིན་བཟང་མཛངས་མ་ནི།།རྨི་ལམ་ཚུན་ཆད་འདེད།།
参差荇菜,左右流之。窈窕淑女,寤寐求之。
བཀུག་ཀྱང་མ་ཐོབ་ན།།ཡིད་སེམས་གདུང་བའི་གཞི།།
འགྲེ་ལོག་ཡང་ཡང་བརྒྱབ།།དྲན་པས་གཉིད་ཀྱང་ཆག །
求之不得,寤寐思服。悠哉悠哉,辗转反侧。
ཆུ་སྐྱེས་མི་མཉམ་པ།།གཡོན་ནས་གཡས་སུ་འཐུ།།
བཞིན་བཟང་མཛངས་མ་ནི།།པི་ཝང་དཀྲོལ་གྱིན་འགུགས།།
参差荇菜,左右采之。窈窕淑女,琴瑟友之。
ཆུ་སྐྱེས་མི་མཉམ་པ།།གཡོན་ནས་གཡས་སུ་འབྱིན།།
བཞིན་བཟང་མཛངས་མ་ནི།།རོལ་མོས་ངོ་དགའ་བྱ།།
参差荇菜,左右芼之。窈窕淑女,钟鼓乐之。