༄༅།།ཕ་དམ་པ་སངས་རྒྱས་ཀྱི་གསུངས་མགུར་ ཞལ་གདམས་
དིང་རི་བརྒྱད་ཅུ་པ་བཞུགས་སོ།།
གྲོགས་ངན་བརྟེན་ན་སྤྱོད་ངན་ཤུགས་ཀྱིས་འགོས།
སྡིག་པའི་གྲོགས་པོ་སྤོངས་ཤིག་དིང་རི་བ།
གྲོགས་བཟང་བརྟེན་ན་ཡོན་ཏན་ཤུགས་ལ་འབྱང་།
དགེ་བའི་བཤེས་གཉེན་བསྟེན་ཞིག་དིང་རི་བ།
གཡོ་སྒྱུ་རྫུན་གྱི་རང་དང་གཞན་ཡང་བསླུ།
དཔང་པོ་སེམས་ལ་བཅོལ་ཞིག་དིང་རི་བ།
མ་རིག་འཁྲུལ་བ་ཕུང་འདྲེའི་རྩ་བ་ཡིན།
ཤེས་བཞིན་དྲན་པས་ཟུངས་ཤིག་དིང་རི་བ།