ལང་ཚོ་ནི་
ཞོགས་པའི་རྟ་བདུན་དབང་པོ་འདྲ་ལ་དབྱར་དུས་སྤང་གཞོང་སྟེང་གི་མེ་ཏོག་སྣ་ལྔ་འདྲ་ཡང་དཔྱིད་དུས་ཀྱི་འབྲུག་སྒྲ་འདྲ་ལ་དགུན་དུས་ཀྱི་གྲང་ངར་འདྲ་ལང་ཚོ་ནི་མི་ཞིག་གི་མི་ཚེའི་ནང་ཆེས་མཚར་སྡུག་ལྡན་ཞིང་སྐྱེས་སྟོབས་ཤེས་རབས་འཕེལ་བའི་དུས་ཞིག་ཡིན་
མ་གཞི་
ལང་ཚོ་ཡི་དུས་སུ་ང་ཚོའི་སར་ཐོན་གྱི་བསམ་པ་ཡང་དུས་ནམ་ཞིག་དུ་སྨག་རུམ་གྱི་མུན་པ་དང་སྣོད་གསུམ་དྲི་མའི་ཤུགས་རྐྱེན་ཡང་ཐེབས་མྱོང་
འོནཀྱང་
དགེ་བའི་བཤེས་གཉེན་གྱི་བསླབ་བྱ་དང་མཛུབ་སྟོན་གྱིས་རྨོངས་པའི་མུན་པ་སེལ་ལང་ཚོ་ཡི་དུས་སུ་ང་ཚོའི་གསར་བཞད་བརྩེ་གདུང་མེ་ཏོག་གིས་སྦྲང་རྩི་ཡི་མངར་རོ་མྱོང་མྱུང་ལ་མེ་ཏོག་དེ་སད་ཀྱིས་འཛོམས་པའི་དུས་ཀྱི་མིག་ཆུ་ཡང་ཐོར་མྱོང་དེའི་དུས་སུ་བརྩེ་གདུང་གིས་རྨ་ཁ་ཞེས་པ་དེ་ཐོག་མར་ང་ཚོའི་སྙིང་ཁོངས་སུ་མཁོད་ལ་ང་ཚོ་ཡི་དུས་སུ་ང་ཚོར་ཇོ་མོ་གླང་མ་ལྟ་བུའི་དཀའ་བ་མང་པོ་འཕྲད་མྱོང་ལ་དཀའ་བ་ཁྱད་བསད་བྱས་རྗེསཀྱི་མཛུམ་མདངས་ཡང་ཐོན་སྲེད་དོ།
ལང་ཚོའི་དུས་དུ་ལང་ཚོར་ཕྲད་མྱོང་བའི་དོན་དག་ནི་བརྗོད་ནས་བརྗོད་ཚར་རྒྱུ་མེད་
འོན་ཀྱང་
དོན་དེ་དག་ལས་འབྱུང་བའི་ཉམསམྱོང་ཡང་གཏིང་གཟབ་ལ་ཕྱིར་དྲན་བྱེད་འོད་པའི་རིན་ཐང་ཆེན་པོ་ཡོད་དངོས་གནས་སྦར་མཆོག་པ་ནི་མེ་ལྕེ་ཁོ་ན་མ་ཡིན་ཏེ་སྐྱེས་བུའི་གནམ་གཤེས་སྦར་ཆོག་ལ་མི་རིགས་གནས་ཡང་སྦར་མཆོག་ལྷག་པར་དུ་གཞོན་ནུའི་ལང་ཚོ་ནི་དེ་བས་ཀྱང་སྦར་མཆོག།
སྨུག་རི་ཚེ་བརྟན་དར་རྒྱས་ནས་བྲིས་
སྤྱི་ལོ་2017ལོའི་ཟླ་12ཚེས་15ཉིན་