བདག་པོ་མེད་པའི་གསེར་ཁྲི་དགའ་ལྡན་ཁྲི་པ་དཔྱད་བརྗོད།

བདག་པོ་མེད་པའི་གསེར་ཁྲི་དགའ་ལྡན་ཁྲི་པ་དཔྱད་བརྗོད་ཞེས་པ་ནི་རྒན་ཝང་ཝའི་ཆང་ལགས་ཀྱི་རིག་གཞུང་གསུང་རྩོམ་ཞིག་ཡིན་ཞིང་འདི་ཡང་དགའ་ལྡན་ཁྲི་པའི་ལོ་རྒྱུས་དང་གོ་གནས།ཕན་ནུས་བཅས་ལ་ཆ་ཚང་ལ་གཏིང་ཟབ་པའི་ཞིབ་འཇུག་བྱས་པའི་གསུམ་རྩོམ་དང་པོ་ཡིན་པ་འདུག

  རྒན་ཝང་ཝའི་ཆང་ལགས་ནི་བོད་རིགས་ཡིན་རུང་གསུང་རྩོམ་འདི་ནི་རྒྱ་ཡིག་གི་ལམ་ནས་འབྲིས་འདུག་ཀློག་པ་པོ་མང་ཙམ་་གྱི་དཔེ་དེབ་འདི་ལ་གཟིགས་ཆེད་དང་རང་གི་བོད་ཡིག་ཆུ་ཚད་ལ་ཕན་པ་ཏོག་ཙམ་བྱུང་ན་བསམ་ནས་ངས་སོ་སོའི་ཡིག་སྒྱུར་བྱས་པའི་ནོར་བ་མང་པོ་ཡོད་ངེས་ཡིན་པའི་མཛུབ་སྟོན་མང་ཙམ་ཡོད་པ་མཁྱེན།

ཨ་མའི་བུ་ལ་ཡོན་ཏན་ཡོད་ན།
དགའ་ལྡན་ཁྲི་ལ་བདག་པོ་མེད།

  འདི་ནི་ང་ཚོ་ཆུང་བྱིས་པའི་དུས་ནས་གྲངས་མེད་གོ་མྱོང་མོད་ང་ཚོས་དགའ་ལྡན་ཁྲི་པ་ལ་ཤེས་རྟོགས་ག་ཚོད་ཡོད་དམ།ད་དུང་དེངས་སྐབས་བླ་གྲྭ་ཐམས་ཅད་སྤྲུལ་སྐུ་འདོད་ཅིང་དམངས་ཚོགས་ཐམས་ཅད་སྤྲུལ་སྐུ་དད་པའི་དུས་ལ་དཔེ་དེབ་འདི་དེ་བས་ཤེས་རྟོགས་བྱེད་མཁན་མེད་ལ་ཐ་ན་དགའ་ལྡན་ཁྲི་པའི་མིང་འདི་ཡང་གོ་མྱོང་མེད

  སྤྲུལ་སྐུ་ལམ་ལུགས་དང་དགའ་ལྡན་ཁྲི་པའི་ལམ་ལུགས་གཉིས་ནི་ལམ་ལུགས་ཀྱི་དབྱེ་བ་དང་འགལ་བ་མ་ཡིན་ཏེ་རིན་ཐང་ལྟ་ཚུལ་གྱི་དབྱེ་བ་དང་འགལ་བ་རེད།སྒོ་ཤེས་རབས་རྒྱ་མཚོའི་སྤྲུལ་སྐུ་ལམ་ལུགས་ཀྱི་ངོ་བོ་ནི་ཕྲུ་གུ་ཀ་ཁ་ཡང་མ་ཤེས་པ་གཅིག་ཐམས་ཅད་མཁྱེན་པར་ཁས་བླང་པའི་ལམ་ལུགས་རེད་ཟེར།དགའ་ལྡན་ཁྲི་པའི་ལམ་ལུགས་ཀྱི་ངོ་བོ་ནི་རུས་ཀྱི་མཐོ་དམན་དང་ཁྱིམ་རྒྱུད་སྐུ་དྲག་ཡིན་མིན།སྤྲུལ་སྐུ་ཡིན་མིན།རྒྱུ་ནོར་མང་ཉུང་སོགས་གང་ལ་ཡང་མ་བལྟས་པར་རང་གི་བློ་རིག་དང་འབད་བརྩོན་ལ་བརྟེན་པའི་ལམ་ལུགས་ཞིག་ཡིན།



དང་པོ། དགའ་ལྡན་གསེར་ཁྲིར་བཞུགས་པའི་རྒྱུད་རིམ།

  སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་བསྟན་པ་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་ཆོས་ཐམས་ཅད་ཀྱི་རྩ་བ་གསར་བར་བྱེད་པ་བེེཌཱུརྱ་སེར་པོའི་མེ་ལོང་ཞེས་བྱ་བ་ནང་དུ་དགའ་ལྡན་ཁྲི་ལ་པའི་བཞུགས་བའི་བརྒྱུད་རིམ་ལ་འདི་ལྟར་ཅེས།

  འཇམ་མགོན་ཆོས་ཀྱི་རྒྱལ་པོའི་གསེར་ཁྲིར་ཕེབས་པའི་རིམ་པ་འདི་དག་ས་ལམ་གྱི་འགྲོས་དང་ཡང་མཐུན་ཏེ།དང་པོར་རང་ཅག་རྣམས་ཀྱི་ཆོས་ཀྱི་སྡེར་རབ་དུ་བྱུང་བའི་སྒོར་ཞུགས་པ་རྣམས་འཇུག་པ་སེམས་བསྐྱེད།བསྡུར་ར་ཆུང་འབྲིང་ཆེ་གསུམ་བརྩི་བ་ཚོགས་ལམ།གཞུང་ལ་སློབ་པ་སྦྱོར་ལམ།དཀའ་བཅུ་རབས་འབྱམས་གྱི་གྲྭ་སྐོར་ཚད་ལྡན་བྱས་པས་མཐོང་སྒོམ་གྱི་ལམ་དུ་ཞུགས་ནས་འཕགས་པའི་ཁོངས་སུ་གཏོགས་པ་རྒྱུད་སྟོད་སྨད་ཀྱི་འཆད་ཉན་དུ་འཁོད་ནས་རིམ་གྱིས་དགའ་ལྡན་གྱི་གསེར་ཁྲིར་ཐོབ་ངེས་པ།

རབ་དུ་བྱུང་བ་ནས་དགའ་ལྡན་གསེར་ཁྲི་བར་ཉུང་ཤོས་ལ་ཡང་ལོ་ངོ་ལྔ་བཅུ་ཙམ་དགོས་ཏེ།སུམ་རྟགས་དག་གཙོ་བའི་རྨང་གཞི་ལ་ལོ་༢ནས་༣ཙམ་ཚད་མ་རྣམ་འགྲེལ།ཕར་ཕྱིན།དབུ་མ།མཛོད།འདུལ་བ།བཅས་གཞུང་པོ་ཏི་ལྔ་ལ་ལོ་༢༢ནས་༢༤ཙམ།དགེ་བཤེས་ཀྱི་ཡིག་རྒྱུགས་རིམ་པ་བཞིན་སྒུག་པར་ལོ་༡ནས་༢༠ཙམ།དགེ་བཤེས་ལྷ་རམས་པའི་གོ་གནས་ཐོབ་པ་ནས་སྟོད་རྒྱུད་དམ་སྨད་རྒྱུད་ལ་སྔགས་སྦྱང་ནས་སྔགས་རིམས་པས་གོ་གནས་ཐོབ་པར་ལོ་༥ཙམ།དགེ་སྐོས་ཟླ་བ་༤ཙམ།དབུ་མཛད་བླ་མ་ལོ་༣ཙམ།མཁན་པོ་ལོ་༣ཙམ།མཁན་ཟུར་ལོ་ཁ་ཤས།སྟོད་རྒྱུད་ཀྱི་ཤར་རྩེ་ཆོས་རྗེའམ་སྨད་རྒྱུད་ཀྱི་བྱང་རྩེ་ཆོས་རྗེ་ལོ་༡༤བཅས་རིམ་པ་བཞིན་དགའ་ལྡན་གསེར་ཁྲིར་ལོ་༧བཞུགས་སོ།



གཉིས་པ།  དགའ་ལྡན་ཁྲི་པའི་རྒྱུད་འཛིན་གྱི་ལམ་ལུགས།

༡དགེ་སློབ་རྒྱུད་འཛིན་གྱི་དུས་རིམ།

  དགའ་ལྡན་ཁྲི་རབས་དང་པོ་རྗེ་ཙོང་པ་ཆེ་པོ་ནས་ཁྲི་རབས་དགུ་པ་བློ་བཟང་ཉི་མ་བར་དགའ་ལྡན་ཁྲི་པའི་རྒྱུད་འཛིན་གཙོ་པོ་དགེ་སློབ་རྒྱུད་འཛིན་ཡིན།ཁྲི་རབས་གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན་དང་ཁྲི་རབས་གསུམ་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་ནི་རྗེ་རིན་པོ་ཆེའི་དངོས་སློབ་ཡིན་ཏེ་རྗེ་ཡབ་སྲས་གསུམ་ཞེས་གྲགས།ཁྲི་རབས་བཞི་པ་ནས་དགུ་པ་བར་ནི་རྗེ་རིན་པོ་ཆེའི་སློབ་མའི་སློབ་མ་ཡིན་ནས་འབུར་དུ་ཐོན་པ་དག་ནས་འདེམས་སོ།ཁྲི་རབས་གཉིས་པ་ནས་བརྒྱད་པའི་བར་ལ་གཙང་པ་བདུན་བརྒྱུད་དམ་འཇམ་དབྱངས་གཙང་པ་བདུན་བརྒྱུད་ཞེས་གྲགས་སོ།

༢འདེམས་བསྐོ་ལམ་ལུགས་ཀྱི་ཐོག་མའི་དུས།

    ཁྲི་རབས་བཅུ་པ་ནས་རིམ་བཞིན་དགའ་ལྡན་དགོན་གྱི་གྲྭ་ཚང་ཆོས་རྗེ་ནས་འདེམས་པའི་ལུགས་སྲོལ་འབྱུང་།

ཁྲི་རབས་སོ་ལྔའི་སྔོན་དུ་གཞུང་པོ་ཏི་ལྔ་སྦྱང་ནས་དགེ་བཤེས་ལྷ་རམས་པ།དེ་ནས་སྔགས་རམས་པ།དགེ་སྐོས།དབུ་འཛིན་བླ་མ།མཁན་པོ།མཁན་ཟུར།ཤར་བྱང་རྩེ་གཉིས་གཅིག་གི་ཆོས་རྗེ་ཅེས་ཀྱི་གོ་རིམ་ཡོད་མོད་ཤར་བྱང་རྩེ་གཉིས་ཀྱི་ཆོས་རྗེ་རེས་མོས་བྱེད་པའི་སྲོལ་མེད་དོ།

༣འདེམས་བསྐོ་ལམ་ལུགས་ཀྱི་ལེགས་གྲུབ།

    དགའ་ལྡན་ཁྲི་རབས་སོ་དྲུག་པ་བསྟན་འཛིན་ལེགས་བཤད་ཀྱི་དུས་སུ་ཁྲི་རིན་པོ་ཆེའི་རྒྱུན་འཛིན་ཐད་རྩོད་པ་བྱུང་བས་མཐར་གཙང་པོ་རྒྱལ་པོ་ཐག་གཅོད་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བེེཌཱུརྱ་སེར་པོའི་མེ་ལོང་དུ་འདི་ལྟར་འཁོད་དོ།

འདི་ཡན་རྩེ་ཤར་རེ་མོས་ལས་ལོ་གྲངས་སོགས་ངེས་ཅན་མེད་པར་འདི་ནས་གཙང་པའི་ཁྲ་མས་བཅད་པའི་ཁྲི་ལོ་ངེས་ཅན་གྱིས་སྲོལ་ཚུགས་སོ།

  འདི་དུས་ཡང་དགའ་ལྡན་ཁྲི་པ་འདེམས་བསྐོ་ལམ་ལུགས་ལེགས་གྲུབ་ཞིང་ད་ལྟས་བར་འགྱུར་བ་ཆེ་པོ་འབྱུང་མེད་དོ།



གསུམ་པ།  དགའ་ལྡན་ཁྲི་པས་ནུས་པ།

དགའ་ལྡན་ཁྲི་པ་ནི་དམིགས་གསལ་གྱི་གོ་གནས་ཞིག་ཏེ་རྗེ་ཙོང་ཁ་པའི་རྒྱལ་ཚབ་དང་དགེ་ལུགས་དགོན་པ་དང་པོ་ཁྲི་བ།དགེ་ལུགས་པའི་གཙོ་འཛིན་ཡིན་པས་དགེ་ལུགས་དར་རྒྱས་ཀྱི་ལམ་བུ་ཐོག་དུ་ནུས་པ་ཆེན་པོ་ཐོན་ཡོད།

༡ཆོས་ལུགས་ཀྱི་ནུས་པ།

༡༽ལྷ་ས་སྨོན་ལམ་ཆེན་མོ།སྲིད་གཞུང་གི་ཆོས་ལུགས་བྱེད་སྒོ།རྨེ་རུ་དཔྱིད་ཆོས།དགའ་ལྡན་དགོན་གྱི་ཆོས་ཁྲིད་སོགས་ཀྱི་གཙོ་བའི་ཆོས་ཚོགས་ལ་གཙོ་སྐྱོང་བྱེད་པ།

༢༽དགེ་ལུགས་པའི་རིག་གཞུང་གིས་རྨང་གཞི་འདིང་།

༣༽བོད་མདོ་དབུས་ཁམས་གསུམ་གྱི་ས་གནས་གང་སར་དགོན་སྡེ་འཛུགས་ནས་དགེ་ལུགས་པའི་ཆོས་སྤེལ་བ།

༤༽ཏྭ་ལའི་བླ་མའི་ཡོངས་འཇིན་བྱས་ནས་དགེ་ལུགས་ཆོས་སྲིད་གཉིས་ཀྱི་གཙོ་འཛིན་གྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ།

༢ཆབ་སྲིད་ཀྱི་ནུས་པ།

༡༽བོད་ཀྱི་ས་གནས་སྲིད་གཞུང་ཏེ་དགའ་ལྡན་ཕོ་བྲང་སྲིད་དབང་གི་རྒྱལ་ཚབ་བྱས་ནས་བོད་ས་གནས་ཀྱི་ཆོས་སྲིད་གཉིས་ཀྱི་ཁ་ལོ་འགྱུར་བ།

༢༽ཆོས་ལུགས་ཀྱི་གོ་གནས་དང་མཁས་པ་ཆེན་པོ་ཤུགས་རྐྱེན་གྱི་ཆབ་སྲིད་ལ་རོགས་རམ་བྱེད་པ།

༣༽རྒྱལ་སར་བསྡོད་པའི་ཧུ་ཐོག་ཐུ་བྱས་ནས་གོང་མའི་སྲིད་གཞུང་གི་ཆོས་སྲིད་ལ་ཞུགས་པ།

༣རིག་གནས་ཐད་ཀྱི་ལེགས་སྐྱེས

༡༽དགེ་ལུགས་པའི་དགོན་པའི་སློབ་གསོའི་ལམ་ལུགས་ཐོག་ལ་ཤུགས་རྐྱེན་ཆེན་པོ་བྱུང་ཡོད།

༢༽གསུང་རྩོམ་འབོར་ཆེན་མཛད་པའི་བོད་རིག་གནས་ཀྱི་འབང་མཛོད་ཕུན་སུམ་ཚོགས་པར་བྱས།དགའ་ལྡན་ཁྲི་རབས་དང་པོ་རྗེ་རིན་པོ་ཆེའི་བྱང་ཆུབ་ལམ་རིམ་ཆེ་ཆུང་སོགས།ཁྲི་རབས་གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན་གྱི་རྫོགས་རིམ་དཔྱིད་ཀྱི་ཐིག་ལི་སོགས།ཁྲི་རབས་གསུམ་པ་མཁས་གྲུབ་རྗེའི་རྗེ་ཙོང་ཁ་པའི་རྣམ་ཐར་དད་པ་འཇུག་ངོགས་སོགས།

    ཆོས་ལུགས་ཐད་ཀྱི་གསུང་རྩོམ་ནི་སྤྱིར་ཁྲི་རབས་ཡོངས་ལ་མི་ཉུང་བ་ཡོད་པའི་འདི་མི་འབྲིའོ།ད་དུང་ལོ་རྒྱུས་དང་རྩོམ་རིག་སོགས་ཀྱི་གསུང་རྩོམ་ཡང་མི་ཉུང་བ་ཡོད་དེ།ཁྲི་རབས་བཅོ་ལྔ་པ་པན་ཆེན་བསོད་ནམས་གྲགས་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན།དེབ་ཐེར་དམར་པོ་གསར་མ།དགེ་ལྡན་ལེགས་བཤད།

༣༽དགེ་ལུགས་པའི་ཆོས་རྒྱ་ནག་དང་སོག་པོ་ཡུལ་དུ་དར་བ།



བཞི་པ་དགའ་ལྡན་ཁྲི་པ་ལས་ཐོན་པའི་སྤྲུལ་སྐུ་ཁག

  དགེ་ལུགས་པའི་ལོ་རྒྱུས་ཐོག་དགའ་ལྡན་ཁྲི་པ་ནས་ཐོན་པའི་སྤྲུལ་སྐུ་༢༩འབྱུང་ཡོད།ང་ཚོས་ཐོས་དང་ཐོས་བཞིན་པའི་པཎ་ཆེན་ཨེར་ཏེ་ནི།མུ་ནི་སྐྱབས་མགོན།རྟ་ཚ་རྗེ་དྲུང་རིན་པོ་ཆེ།མངའ་རིས་སྤྲུལ་སྐུ།གུང་ཐང་ཚང་སྤྲུལ་སྐུ།ཚེ་སྨོན་གླིང་།ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་བཅས་ཚང་མ་དགའ་ལྡན་ཁྲི་པ་ལས་ཐོན་ནོ།།ཞིབ་ཕྲ་གཤམ་གྱི་རུ་མིག་ལ་གསལ་ལོ།


འདི་ནི་རྒན་ཝང་ཝའི་ཆང་ལགས་ཀྱི་གསུང་རྩོམ་འདི་ནང་དོན་རགས་བསྡུས་ཡིན།ཆ་རྐྱེན་ཡོད་པ་དཔེ་དེབ་འདི་རང་ལ་གཟིགས་ན་ཧ་ཅང་ལེགས་བསམ།དེ་བས་རྒྱ་བོད་སྐད་གཉིས་ལ་མཁས་པའི་ལོ་ཙྭ་བ་ཞིག་གི་དེབ་འདི་བོད་ཡིག་ཏུ་སྒྱུར་ན་བོད་ཡིག་ཀློག་པ་པོ་རྣམས་ཀྱི་བསོད་ནམས་སོ།

  གསུང་རྩོམ་འདི་ལས་ངེད་ཀྱི་དགའ་ལྡན་ཁྲི་པའི་ལོ་རྒྱུས་ལ་ཤེས་རྟོགས་ཐུབ་པ་མ་ཟད།རྗེ་ཙོང་ཁ་བ་ཆེན་པོའི་གཙོ་བའི་རང་རིགས་བོད་པའི་མཁས་པ་ཆེ་པོ་དག་དང་དགའ་ལྡན་ཁྲིབས་རབས་དག་གི་རུས་ཀྱི་མཐོ་དམན་དང་ཁྱིམ་རྒྱུད་སྐུ་དྲག་ཡིན་མིན།སྤྲུལ་སྐུ་ཡིན་མིན།རྒྱུ་ནོར་མང་ཉུང་སོགས་གང་ལ་ཡང་མ་ལྟས་པར་རང་གི་བློ་རིག་དང་འབད་བརྩོན་ལ་རྟེན་ནས་རང་ཉིད་ཀྱི་བདེ་སྐྱིད་ལ་བརྩོན་པའི་སྙིང་སྟོབས་ནི་དེངས་རབས་ཀྱི་བླ་སྤྲུལ།རབ་བྱུང་པ།སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ།སྤྱི་ཚོགས་ཀྱི་བོད་པའི་ལ་རྒྱ་ཅན་གྱི་མི་སུ་ཞིག་གི་ཀྱང་འཛིན་སྐྱོང་སྤེལ་གསུམ་བྱེད་རུང་བའི་སྲོལ་བཟང་དང་སྙིང་སྟོབས་རེད་བསམ།།

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 203,324评论 5 476
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 85,303评论 2 381
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 150,192评论 0 337
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 54,555评论 1 273
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 63,569评论 5 365
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 48,566评论 1 281
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 37,927评论 3 395
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 36,583评论 0 257
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 40,827评论 1 297
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 35,590评论 2 320
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 37,669评论 1 329
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 33,365评论 4 318
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 38,941评论 3 307
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 29,928评论 0 19
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 31,159评论 1 259
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 42,880评论 2 349
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 42,399评论 2 342