སློབ་ཁྲིད་མཁན།
དགེ་རྒན་ཞིག་ལ་ལྷག་བསམ་དང་།།
འབད་པས་རྒྱུན་དུ་འཁྱོངས་དགོས་ལ།།
ཟིལ་གནོན་སོགས་ཀྱང་མེད་མི་རུང་།།
སློབ་ཁྲིད་ནང་དོན་བཤད་པའི་དུས།།
ཚིག་ལྷག་ཉུང་ཞིང་དོན་གསལ་བའི།།
གནད་དུ་ཁེལ་བ་ཤིན་ཏུ་གལ།།
སློབ་ཁྲིད་ཀློག་ཁྲིད་བྱེད་པའི་དུས།།
གསལ་དག་སྙན་ལ་ཉམས་འགྱུར་ལྡན།།
གཅོད་མཚམས་འགྲིག་པ་ཤིན་ཏུ་གལ།།
སློབ་ཁྲིད་བསྐྱར་སྦྱོང་བྱེད་པའི་དུས།།
དྲི་བ་འདོན་དང་བློ་རུ་འབྲི།།
རྩོད་པ་ལ་སོགས་ཤིན་ཏུ་བཟང་།།