ཁོ་བོས་བླ་མ་རྫོང་སར་ལ་མཇལ་སྟངས།

图片发自简书App

ཁོ་བོས་བླ་མ་རྫོང་སར་མཇལ་སྟངས།

དེ་ཡང་དྲན་གསོ་མི་ནུས་པའི་འདས་པའི་ལོ་ཟླ་ཞིག་གི་སོ་ཁ་ན།ངས་ཐོག་དང་མ་རྫོང་སར་མཁྱེན་བརྩེ་ཞེས་པའི་མཚན་འདི་གོ་ཐོས་བྱུང་།སྐབས་དེེར་དུས་ཁོང་གི་མཛད་པ་སོགས་ལ་རྒྱུས་མེད་པའི་ཕྱིར་དང་བསོད་ནམས་སོགས་དམན་པའི་དབང་གིས་དད་པའི་སྤུ་ལོང་གཡོ་བའི་གནས་ཚུལ་ཁྱད་པར་ཅན་སོགས་གང་ཡང་བྱུང་ཡོད་པ་དྲན་རྒྱུ་མེད་པའི་ཚོད་རེད།རྗེས་སུ་ཁོང་ས་སྐྱ་བའི་བླ་མ་ཆེ་ཁག་གཅིག་ཡིན་པ་དང་སྐྱབས་མགོན་ཁྲི་ཆེན་མཆོག་ལ་དམིགས་བསལ་གྱི་ཆོས་འབྲེལ་དང་དད་པ་ཡོད་པ་ཚོར་ནས་ཆེས་ཐ་མལ་བའི་ཕྱོགས་ཞེན་གྱི་དད་པ་ཞིག་རྒྱུད་ལ་སྐྱེས།ད་ལྟ་རྩ་བའི་བླ་མ་ཉིད་དུ་བཀུར་བའི་ས་བོན་ཐོག་མ་དེའང་དེའི་དུས་སུ་སེམས་ལ་བཏབ་ཡོད་པ་འདྲ།དེའི་རྗེས་སུ་མཆོག་གསུམ་བྱིན་རླབས་དབང་གིས་ཁོང་གི་གསུང་ཆོས་མི་ཡུལ་ནི་ཟློས་གར་ཁང་ཞེས་པའི་དེབ་དེ་དང་དེ་བཞིན་དྲི་བ་བརྒྱད་ཁྲི་བཞི་སྟོང་བྱ་བ་སོགས་ལ་མཇལ་བའི་དབང་གིས་ས་ཐོབ་བྱང་ཆུབ་དངོས་ཡིན་པའི་གདེང་རྙེད།སེམས་སུ་རྩ་བའི་བླ་མར་རློམ་པ་དེ་ཡང་ཁོང་གི་གསུང་ཆོས་སོགས་ལ་མཇལ་བའི་དབང་གིས་ཡིན་པ་ངེས།དེ་བཞིན་ཁོང་ལ་དད་མོས་ཡོད་པའི་དབང་གིས་ཁོང་གི་མཛད་པ་དང་འཕྲིན་ལས་སོགས་ལ་དོ་སྣང་མང་པོ་བྱས།དྲྭ་ལམ་སོགས་ནས་ཁོང་ལ་རྒྱུས་ལོན་གྱིས།ཁོང་ལ་དད་སེམས་གཙང་བའི་མི་ཚོའི་ཁ་ནའང་རྒྱུས་ལོན་གྱིས།རྒྱུས་ལོན་ག་ཚོད་མང་བ་དེའི་ཚོད་གྱི་དད་པ་ཟབ་ཏུ་སོང་།ལྷག་པར་ཁོང་གི་མཛད་པ་ཐ་མལ་བའི་སེམས་སུ་ཤོང་དཀའ་བ་དང་མཐོང་ཐོས་སོགས་ཀྱིས་ཀྱང་སྐྲག་སློང་ཡོང་བ་དེ་ཚོ་ཐོས་ཚེ་ང་ཡང་ཧ་ལས་སོང་།དེའི་སྐབས་སུ་ཐོས་པ་བླ་མ་ཁོང་གི་མཛད་པ་ཡིན་ཀྱང་སེམས་སུ་འཆར་ཡོང་བ་ནི་སྔ་མ་རྒྱ་གར་གྱི་གྲུབ་ཐོབ་འགྲན་མི་བཟོད་པ་དཔལ་ལྡན་ཆོས་སྐྱོང་དང་ན་རོ་པ།ཏེ་ལོ་པ་ལ་སོགས་པ་རྟོགས་པ་ནང་ནས་རྡོལ་ཡོད་པ་ཁོང་ཚོ་རེད།ཁོང་གི་མཛད་པ་དེ་ཚོ་དངོས་སུ་ལག་བསྟར་ཐུབ་པ་ལྟ་ཞོག སེམས་སུ་དྲན་པ་ཙམ་གྱིས་ཀྱང་བདག་གཅེས་འཛིན་གྱིས་མ་བཟོད་ནས་དངང་སྐྲག་སྐྱེས་པ་དང་ལས་དེ་ལས་མགྱོགས་ནས་མྱུར་དུ་གྲོས་འགྲོ་བསམ་པས་ཀུན་ནས་བསླང་སྟེ་སྔ་བཞིན་ཉོན་མོངས་ཀྱི་དབང་འོག་དུ་ལུས།དུས་དེང་སང་ཁོང་གིས་བཀའ་བསྟན་འགྱུར་སོགས་དབྱིན་སྐད་ལ་བསྒྱུར་གནང་མཛད་གྱིན་ཡོད་མོད།སོ་སྐྱེ་སངས་རྒྱས་ཀྱི་དགོངས་པ་མ་ལོན་པ་དང་བོད་བརྒྱུད་ནང་བསྟན་གྱི་སྙིང་བོ་མ་ཤེས་པ་ཁ་ཤས་ཀྱིས་དེ་ནི་བོད་ཀྱི་རིན་ཆེན་གཞན་ལ་བཙོང་བ་རེད་ཟེར་ནས་སྐད་མང་པོ་རྒྱབ་ཡོང་གིན་འདུག་མོད།ཁོ་བོ་ནི་དེ་ལས་ལྡོག་སྟེ་བླ་མ་ཁོང་ལ་སྔ་ལས་དད་པ་ཆེ་རུ་དང་སངས་རྒྱས་གདུབ་ཚོབ་འཁྲུལ་མེད་ཡིན་པ་རྭ་སྤྲོད་བྱུང་།སངས་རྒྱས་ཀྱིས་ཆོས་གསུངས་བ་བོད་གཅིག་པུ་ཆེད་མིན་ལ།རྗེས་འཇུག་རྒྱས་སྲས་ཚོས་བཀའི་དགོངས་པ་བཀྲལ་བའང་་བོད་གཅིག་པུའི་ཆེད་ག་ལ་ཡིན།བོད་བརྒྱུད་ནང་བསྟན་ནི་ཐེག་པ་ཆེན་པོའི་ཆོས་ཡིན་ལ།ཐེག་པ་ཆེན་པོའི་ཆོས་ཀྱི་སྙིང་བོ་ནི་གཞན་ཕན་སྒྲུབ་པ་དེ་རེད།བཀའ་འགྱུར་དབྱིན་བསྒྱུར་བྱས་ནས་སེམས་ཅན་གཅིག་ལས་ཕན་ཐོགས་མ་བྱུང་ནའང་དེ་ནི་སངས་རྒྱས་ཀྱི་དགོངས་པ་རྫོགས་པ་དང་བོད་བརྒྱུད་ནང་བསྟན་གྱི་སྙིང་བོ་ངོམས་པ་ལས་གཞན་དོན་མེད་ག་ལ་ཡིན།བཀའ་བསྟན་འགྱུར་སྒེར་དབང་བྱས་ནས་ས་རྡུལ་དང་མཉམ་པོ་བཞག་པ་ལས་མི་གཅིག་གིས་དོན་དེ་གོ་ཐུབ་བྱུང་ན་སངས་རྒྱས་ནི་དེ་ལ་ཐུགས་དགྱེས་པ་ངེས།ལྷག་པར་བླ་མ་ཁོང་གིས་གསུངས་དོན་བོད་རང་གིས་བཀའ་བསྟན་དེ་ཚོ་མ་བསྒྱུར་ནའང་མགོ་སེར་ཁོ་ཚོས་རང་འདོད་དུ་བསྒྱུར་བཞིན་འདུག་ལ།བསྒྱུར་བ་དེ་ཡང་ཚད་ལྡན་ཆགས་མེད་པས་ཁོང་གིས་བཀའ་བསྟན་ཡང་དག་གཅིག་ཡོང་ཕྱིར་བསྒྱུར་བ་ཡིན་ཞེས་གསུངས།མཁས་པ་བློ་དང་ལྡན་པ་དག་གིས་དོན་འདི་ལ་དཔྱད་ཚེ་བླ་མ་ཁོང་ལ་རྗེས་སུ་ཡིད་རང་ལས་ཚིག་ངན་བཤད་པ་ག་ལ་ཡོད།ཁོ་བོ་ཡང་དོན་གཅིག་པུ་འདི་ལ་བརྟེན་ནས་བླ་མ་ཁོང་བསྟན་པ་འཛིན་པའི་དམ་པ་དང་བོད་ཀྱི་རིག་གནས་ལ་གཅེས་སྤྲས་གནང་བའི་བོད་མི་ཡང་དག་གཅིག་ཡིན་པ་ངེས་ཤེས་བྱུང་།

འདི་ནི་ཁོ་བོས་བླ་མ་དམ་པ་རྫོང་སར་རྣལ་འབྱོར་པ་ལ་མཇལ་བའི་ཚུལ་བསྡུས་པ་ཙམ་ཡིན།

                                                       ངག་བློ་རྒྱལ་ནས།

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 199,064评论 5 466
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 83,606评论 2 376
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 146,011评论 0 328
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 53,550评论 1 269
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 62,465评论 5 359
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 47,919评论 1 275
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 37,428评论 3 390
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 36,075评论 0 254
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 40,208评论 1 294
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 35,185评论 2 317
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 37,191评论 1 328
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 32,914评论 3 316
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 38,482评论 3 302
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 29,585评论 0 19
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 30,825评论 1 255
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 42,194评论 2 344
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 41,703评论 2 339

推荐阅读更多精彩内容