ཚིག་གི་སྒྲ་ཙམ་འདྲ་ན་ཡང་། །
དོན་ལ་ཁྱད་པར་ཤིན་ཏུ་ཆེ། །
དེ་ཕྱིར་བརྡ་དག་ལ་བརྟེན་ནས། །
མ་ནོར་དོན་རྣམས་འཚོལ་བ་གཅེས། །
(སུམ་རྟགས)འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས། །
འཆད་རྩོད་རྩོམ་པའི་གྲྭར་འཇུག་པ། །
ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན། །
ནམ་ཞིག་རྗེས་ངན་གསལ་བར་འགྱུར། །
དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ནས།