ང་སྐྱེས་པ་ནས་ཕལ་བའི་མི་ཡིན།
མཐོ་སྒང་གི་ཡུལ་གྲུ་རུ་ལང་ཚོ་རྒྱས་ཡོད།
ཆུ་བོ་ཡར་ཀླུང་གཙང་པོས།
ང་ཡི་ཚེ་སྲོག་ལ་མགོན་སྐྱབས་མཛད།
ངའི་སེམས་དང་ངའི་ལུས་པོ་འཇིག་རྟེན་ལས་བཟུར་ཡོད།
ཁེར་རྐྱང་ངང་རྒྱང་ནས་རྒྱང་དུ་སོང་རུང་།
སུན་སྣང་གི་ཁ་བ་ད་དུང་མ་བབས།
ས་དོག་མོ་དེ་ལུས་ཀྱིས་འཇལ་ཏེ།
གནམ་སྔོན་མོ་དེ་རྒྱབ་ལ་ཁུར།
སེམས་ནང་གི་དད་པ་ཚིག་གསུམ།
འཇམ་འཇམ་ངང་འདོན་བཞིན།
ལམ་འདི་ནི་ངས་རྣམ་དག་དག་གི་སྒོ་ནས་རྫོགས་འདོད།
འུར་སྒྲ་དང་ལྡན་པའི་དྲག་རླུང་གིས།
ངའི་བྲང་ཁུག་ལ།
འཁོར་བའི་རྡུལ་ཕྲན་གྱི་རླན་མ་ཐུབ།
རྒྱང་རིང་ངམ།
རྒྱང་རིང་གི་ང་།
ལམ་གྱི་འདུན་པ་དེ་མེས་པོའི་ཟུང་ཁྲག་ལ་འཁོར་ནས་ཡོད།
རྒྱང་རིང་ངམ།
རྒྱང་རིང་གི་འབོད་ས།
ཁྱོད་ཀྱིས་ཡོད་ཚད་ལ་དྲན་གདུང་གི་ནམ་ཟླ་བཞག་འདུག་ཟེར།