ལས་དང་སྐལ་བ་ཡག་པས་མི་ལུས་བླངས།།
སྔོན་བསགས་ལས་དབང་ལེགས་པས་ཕ་མ་འཛོམས།།
ལྷན་སྐྱེས་སྐྱེས་གཟུགས་བཙོག་ཀྱང་ཕ་མས་སྤྲད།།
སེམས་དང་བསམ་པ་ཅི་ནས་རང་གི་ལག།
མི་ཚེ་ཐུང་ངུ་རིག་གནས་དོན་ལ་འབུལ།།
མི་ཚེ་ཐུང་ངུ་བསམ་དཀར་ལས་ལ་འབུལ།།
མི་ཚེ་གཞན་གྱི་དོན་དུ་འབུལ་འདོད་ཡོད།།
འདི་ནི་ང་ཡི་མི་ཚེའི་རེ་བཞག་ལགས།།
ཕོ་མོའི་བརྩེ་དུངས་སྟེང་ནས་གླེན་པ་ཞིག།
དགའ་རྒྱུ་ཁག་པོ་ཡིན་དང་གཏོང་རྒྱུ་ཁག།
འདི་ནི་རང་གི་བརྩེ་བའིི་དམ་བཅའ་ཡིན།།
འདི་ནི་ང་ཡི་བརྩེ་བའི་རང་གཤིས་ལགས།།
ཕ་མ་གཉིས་ལ་སྙིང་ནས་བཀུར་བསྟི་བྱེད།།
གྲོགས་དང་གྲོགས་མོ་ཚང་མ་སྤུན་བཞིན་བརྩི།།
སྙིང་གི་བུ་མོ་ཡོད་དུས་སེམས་ནས་གཅེས།།
འདི་ནི་ང་ཡི་སྤྱོད་པ་ཙམ་པོ་ལགས།།
ལྷན་སྐྱེས་རིག་པ་ཕ་མས་སྤྲད་ནི་རེད།།
སྦྱངས་བརྩོན་ཡོན་ཏན་རང་གི་ནུས་བ་ལགས།།
རང་ཉིད་གང་གི་ཆ་ནས་དབུལ་བོ་ལགས།།
ཡིན་ཀྱང་གང་ལ་ལེ་བདའ་མི་བྱེད་ལགས།།
རང་ཉིད་རང་གིས་གླེང་ན་དངོས་ནས་དཀའ།།
གཞན་ལ་བལྟ་བའི་མིག་ནི་ཡོད་ན་ཡང་།།
རང་ལ་བལྟ་བའི་མེ་ལོང་དཔེ་བཞིན་རེད།།
རང་ཉིད་རང་གིས་ཤེས་པ་མི་འདུག་ལགས།།