ཞེ་དུང་བའི་གྲོགས་པོ་ལགས།ཅིའི་ཕྱིར་ང་ལ་ཁ་ཡ་ཙམ་ཡང་མི་བྱེད་པ་ཡིན།

ཞེ་དུང་བའི་གྲོགས་པོ་ལགས་ཁྱོད་ཀྱི་སྐུ་ཁམས་དྭངས་སམ།

       ཁྱོད་ཀྱི་སྐད་ངག་མ་ཐོས་པར་ཉིན་འགའ་ཤས་ཤིག་འགོར་སོང་།ང་རང་མ་ཁོམ་པར་ཁྱོད་ལ་འབྲེལ་བ་མ་བྱས་པའམ་ཡང་ན་ངེད་གཉིས་ངོ་ཐུག་པའི་རྗེས་ནས་ངའི་བློ་ཁ་འགྱུར་ཡོད་པ་འདྲ་གཏན་ནས་མིན་ལ།ངས་དུས་ཚོད་སྐར་མ་རེ་རེའི་ཁྲོད་ན་བྱ་ཁུ་བྱུག་གི་ནམ་ཆུ་སྒུག་པ་ལྟར་ཁྱོད་ཀྱི་བརྡ་རྟགས་ཤིག་ལ་འཁྲེང་ནས་ཡོད།ངས་ཉིན་རྒྱུ་ཁྱོད་ཀྱི་སྐད་འཕྲིན་གྱི་བར་སྟོང་ཀློག་ཐེངས་འགའ་རེ་བྱེད་དགོས་ལ།ནམ་གུང་ཡང་དུས་ཚོད་གསུམ་བཞིའི་བར་ནས་གཉིད་ལས་སད་དེ་ཁྱོད་ཀྱི་བརྡ་རྟགས་ཤིག་ཐོན་ཡོད་མེད་དང་འཕྲིན་ཕྲིན་གྱི་བར་སྟོང་ཞིག་མི་ཀློག་ག་མེད་རེད།གཉིད་སོང་ན་སད་རྒྱུ་མེད་པའི་མ་གཅེས་མ་ང་།ད་ལྟ་ནམ་གུང་ཞིག་ལ་སད་དེ་ཁྱོད་ཀྱི་འཕྲིན་ཕྲན་གྱི་བར་སྟོང་ཀློག་རྒྱུ་ནི་ངའི་འཚོ་བའི་གོམས་གཤིས་ཤིག་ལ་འགྱུར་འདུག ཟླ་བ་འདི།ཉི་མ་འདི་དག ཇི་འདྲའི་རེ་སྒུག་གི་གོ་རིམ་རིང་མོ་ཞིག ཇི་འདྲའི་ཛ་དྲག་ཆེ་བའི་དྲན་གདུང་གི་ན་ཟུག་ལྕི་མོ་ཞིག་རེད་ཨང་།

       ཞེ་དུང་བའི་གྲོགས་པོ་ལགས། ངེད་གཉིས་ངོ་ཤེས་པའི་དུས་ཡུན་ཐུང་ཡང་ཁྱོད་ངའི་ཚོར་བའི་ངོས་ནས་བསྡད་པའི་ཉིན་དེ་ནས་བཟུང་།ངའི་ལུས་ངག་ཡིད་གསུམ་གྱི་རྩ་ལམ་ཡོད་ཚད་ན་ཁྱོད་རང་རྒྱུགས་བཞིན་ཡོད་ལ།དུས་ཚོད་སྐར་ཆ་རེ་རེའི་ཟས་མལ་འགྲོ་སྡོད་དང་ཐ་ན་སྙིང་ཉེ་བའི་གྲོགས་མོ་ཚོར་ཁ་མཚར་ཀུ་རེ་རེར་བྱས་ཀྱང་དེ་ནི་ཆུའི་ཁར་རྒྱུ་བའི་སྦུ་བ་ཙམ ངའི་སྙིང་གི་གཏིང་རིམ་ན་ཁྱོད་རང་འཚོ་ཞིང་གནས་ལ།རྣམ་རིག་ཚང་མའང་ཁྱོད་ཕྱོགས་ན་ལུས་ཏེ་སྟོང་བསམ་གྱི་གནས་ན་ཧད་འདུག དྲན་གདུང་གི་ན་ཟུག་སྙིང་ཁར་ཡུན་གྱིས་ཟག་ཀྱང་།ངས་རང་ཚུགས་བཟུང་ནས་བསྡད་ཡོད།གཅིག་ན་ངས་ཁྱོད་ཀྱི་བསམ་ཕྱོགས་མ་ཤེས།གཉིས་ན་ངས་ཁྱོད་ལ་སུན་པ་མེད་པའི་རང་དབང་གི་ཁ་དབུགས་ཤིག་སྣང་ན་འདོད།གསུམ་ན་སྤྱིར་ཁྱོད་ནི་ངའི་མྱི་མིན་བསམ་པའི་ངོ་གནོང་ཞིག་འདུག ཡིན་ནའང་།ཁྱོས་ང་ལ་མཇུག་འབྲས་ཤིག་བསྡོམས་ནས་སེམས་གསོ་ཙམ་ཡང་མ་བྱས་པར་སུན་སྣང་གི་རྣམ་པ་ཞིག་སྟོན་པ་དེ་ངས་གཏན་དུ་འདང་མི་ཕོག་པར་འདུག ཡིད་ཀྱང་མི་ཆེ། གང་ལྟར་ངས་ཁྱོད་ཀྱི་ཡོད་ཚད་ལ་བཟོད་སྒོམ་གོམས་འདུག དེ་ནི་བརྩེ་དུང་ཟེར་བའི་བཟི་ཁ་རེད་དམ་རང་ལ་མི་ཐོབ་པའི་དངོས་པོ་དེ་ལ་ཐོབ་འདོད་ཀྱི་རྔམ་སེམས་ཆེ་བའི་རེད།

    སྤྱིར་ན་ང་རང་ཆེས་སྤྲོ་བ་བརྟས་ས་ཞིག་ཡོད་པ་ནི་ཚོར་བའི་ཚོར་བ་ཀློག་རྒྱུ་དེ་ཡིན།ཡིན་ནའང་ངས་ད་དུང་ཁྱོད་ལ་ངག་མ་ཐོར།དེ་ནི་ངའི་ན་ཟུག་ཅིག་ཡིན་ཡང་ཁྱོད་ཀྱི་བརྩེ་བ་ལ་བདག་པོ་ཡོད་ཕྱིར་ངའི་ཀླད་སྙིང་གི་ཐ་སྙད་དག་རང་རང་ས་ནས་འཐབ་འཁྲུག་བྱེད་པ་ལས་ཇི་ལྟར་ཕྱིར་འབུད་བྱེད་དགོས་མ་ཤེས།ཡང་གཅིག་བཤད་ན་ང་ཁྱོད་ལ་དགའ་ཆེ་བའི་ཁྱོའི་འཇིག་རྟེན་ལ་ཡོང་བ་ཡིན་པ་ལས་གཏན་དུ་ཁྱོད་ལ་གནོན་ཤུགས་འདྲ་སྟེར་ནས་འགན་ཁུར་བཞག་ན་མི་འདོད།འོན་ཏེ་་དེ་སྔོན་རང་གི་བསམ་ཚུལ་རེ་གྲོལ་མ་ཐུབ་པ་དང་ད་ལྟ་གོ་སྐབས་ཇེ་དབེན་རེད་བསམ་ན་ང་ནི་ཧ་ཅང་ནད་པ་ལྕི་མོ་ཞིག་ཡིན་སྣང་སྐྱེས།

    ང་ལོ་ན་ལྔ་གསུམ་བཅོ་ལྔར་ཐོན་རག་བར་ཕ་མ་གཉིས་ལ་ཉིན་གཉིས་གསུམ་ཙམ་ལ་ཁ་ཁར་གྱེས་མ་ཡོང།ལོ་བཅོ་ལྔའི་སྟོན་ཁ་དེར་རང་གི་འདོད་འདུན་ལྟར་སློབ་གྲྭ་འགྲིམས་པས་ཨ་ཕ་ཨ་མ་གཉིས་ལ་སློབ་སྐབས་གཅིག་གི་རིང་དེར་ངོ་ཐུག་མི་ཐུབ་ལ་ཁ་པར་བཏང་བའང་ཧ་ཅང་ཉུང་ཉུང་ཡིན།གཟའ་མཇུག་རེ་ལ་ཐེངས་རེ་ཁ་པར་བཏང་སྟེ་ཁྱོད་བདེ་ང་སྐྱིད་ཅིག་དང་ཨ་ཕས་ཚུར་ལ་སྒོར་མོ་རེ་སྐུར་དགོ་མི་དགོས་དང་སློབ་སྦྱོང་གི་གནས་ཚུལ་རེ་འདྲི་བ་ཙམ་ལས་ང་ལ་བཤད་རྒྱུ་མང་པོ་མེད།སློབ་སྦྱོང་གི་གནོན་ཤུགས་ཆེ་བའི་སྐབས་སུ་བག་ཡངས་སུ་རྒྱུ་ལ་རང་དབང་ཆེ་བའི་ཕ་མའི་གཞིས་ཀ་ལྷོད་མོ་དེ་ཅུང་ཙམ་དྲན་པ་ལས་ཅི་ཡང་མེད།ཨ་ཕ་ཨ་མ་ཚོས་ང་ལ་ཧ་ཅང་སེམས་སྲ་མོ་ཞིག་ཡོད་ཟེར་ལ།ང་རང་ཉིད་ཀྱིས་ཀྱང་ང་ནི་ཧ་ཅང་སྲ་ཚུགས་ལྡན་པའི་བུད་མེད་ཅིག་ཡིན་སྣང་སྐྱེས།སྙིང་གྲོགས་ཚོས་ཀྱང་དེ་ལྟར་ཟེར་སྲིད།ཡིན་ནའང།ཅི་ཡིན་ཆ་མ་འཚལ།ཉི་མ་འདི་དག་ལ་ངའི་རང་ཉིད་ནི་ཧ་ཅང་གཉོམ་ཆུང་ཞིག་ཡིན་པ་རྟོགས།ད་ལྟ་ངའི་སྙིང་ལ་ན་ཟུག་ལེན་རྒྱུ་ཡོད་འདུག དྲན་གདུང་སྐྱེས་རྒྱུ་ཡོད་འདུག ཁྱོད་ནི་ངའི་སྙིང་ལ་མདའ་ལྟར་ཟུག་འདུག ངས་ཁྱོས་ཆེད་དུ་ཅི་ཡང་ཕུལ་ནུས་ལ།ཅི་ཡང་བཟོད་སྒོམ་ཡང་བྱེད་ནུས།སྤྱིར་ན་མི་འགྲིག་པ་མིན་ཡང་ཁྱོད་ནི་ངས་གཞན་ཀྱི་ལག་ནས་བླངས་པའི་མྱི་ལུས་གཡར་མ་ཞིག་ཡིན་བསམ་ན་ངའི་རང་ཉིད་མྱི་སར་བཞག་ན་མི་འདོད།ཡིན་ནའང་ངའི་དྲན་གདུང་་་རྒོད་པོ་ཐུར་མེད་ལྟར་ཡངས་བའི་རྩྭ་ཐང་བརྒལ་བ་མ་ཟད་མི་གཞིས་རྩིས་ཐང་ནས་ཀྱང་བརྒལ་རྒྱུ་བྱས་ཏེ་ཁྱོད་ཀྱི་སེམས་ལ་འཛུལ་ན་འདོད།

  སྐབས་འདིར་ངས་ད་དུང་དགའ་སྐྱོ་འདྲེས་མ་ཞིག་ཀློང་ན་ཁྱོད་གཅིག་པོ་དྲན་ཏེ་གཅིག་པོའི་འཕྲིན་ཕྲན་གྱི་བར་སྟོང་ཀློག་ནས་བསྡད་ཡོད། 2016/5/7.

ཞེ་དུང་བའི་གྲོགས་པོ་ལགས།

   ངས་ཁྱོད་ཀྱི་ཁ་པར་བླངས་ཏེ་བདག་ལ་ཨ་ལན་ལྡོན་པར་རེ་སྒུག་བྱས་པ་ཐེངས་གཅིག་གཉིས་ཙམ་མིན་ལ་དུས་ཚོད་སྐར་མ་རེ་རེ་ཡུན་གྱིས་འདའ་རུ་འཇུག་པ་ཡིན།དེ་རིང་ངའི་སྙིང་གི་གྲོགས་མོ་དང་ལྷན་དུ་ཡུལ་སྐོར་གྱི་ཚུལ་གྱིས་ཕྱི་རོལ་ལ་འཆར་དུ་སོང་བ་ཡིན།ཞོར་དུ་དཔེ་ཆ་རེ་ཉོ་དགོས་པའི་བོད་མིའི་ཁྲོམ་ལ་ཡོང་ནས་བཞག་བསྡོད་བྱས་ཏེ་ནུབ་མོ་གློག་བརྙན་ལ་ལྟ་རུ་སོང་བས།ཕྱིར་མགྲོན་ཁང་ལ་ལོག་སྐབས་ཁྱོད་ཀྱི་གླུ་གར་ཁང་གི་སྒོ་ན་གློག་འོད་འཁྱུག་འདུག ང་ཡུན་རིང་ཞིག་ལ་དེར་ཧད་ནས་་གལ་ཏེ་་་སྒོ་ཡོལ་དེ་ཡར་ལ་བཀྱགས་ཙམ་བྱས་ན་ཁྱོད་རིག་ཐུབ་ན་ཐང་བསམ་ཡང་དེས་སྤོབས་པ་ག་ལ་ཡོད།གྲོགས་མོ་ལ་ངོ་གནོང་ཞིག་དང་ཆབ་ཏུ་བཙན་གྱིས་གོམ་ཁ་མགྲོན་ཁང་གི་ཕྱོགས་ལ་བསྒྱུར་བ་ཡིན།མགྲོན་ཁང་ལ་ཐོན་ནས་འཕྲིན་ཕྲན་གྱི་སྒོ་ཕྱེ་དུས་ཁྱོའི་འདྲ་པར་རེ་འགའ་འཛུམ་མདངས་དང་ཅེས་བར་སྟོང་ལ་མངགས་འདུག འཕྲོ་ནས་ཡང་ཨ་མའི་དུས་སྟོན་བསུས་བྱུང་།ལྟས་ཚོད་ལ་ཁྱོད་ཀྱི་སེམས་ཁམས་སྐྱིད་འདུག་པ་འདྲ།ང་ལའང་ཨ་ལན་ཞིག་ལྡོན་ལ་ཉེ་བར་འཁྲུལ་ཏེ་བྲེལ་འཚུབ་ཅིག་བླངས་ནས་བསྡད།ང་ཡོད་པའི་ཚུལ་གྱིས་རང་གི་བར་སྟོང་ལ་གསར་འགྱུར་རེ་མངགས་ཏེ་ཁྱོད་ཀྱི་ཨ་ལན་ལ་སྒུག་པས་མཚན་མོ་གཉིད་ཀྱང་མ་ཁུག

   ནངས་མོ་ངེད་གཉིས་ཕྱིར་སློབ་གྲྭའི་ནང་ལ་ཡོང་འཁྲབ་བྱས་སྐབས་ངའི་གནས་འདི་རུ་ཅ་ལག་གཅིག་ལུས་སོང་བའི་ཚོར་འདུ་ཞིག་གིས་ར་བཟི་བོ་ལྟར་གྱུར་འདུག གང་ལྟར་ཕྱིར་སློབ་གྲྭའི་ནང་ལ་མི་འགྲོ་ག་མེད་རེད།གྲོགས་མོའི་འདུན་ནས་བཅོས་མའི་ཚུགས་ཀ་ཞིག་ཕུད་དེ་ལམ་ལ་ཆས་པ་ཡིན།ཡང་སློབ་གྲྭའི་ནང་ལ་ཐོན་ནས་དྲྭ་ཞུགས་བྱས་ཏེ་ཁྱོའི་བར་སྟོང་ལ་མྱུལ་སྐབས།ཡུད་ཙམ་ལ་ངས་ཧ་ཁ་ཡང་ལེན་མི་ཐུབ་པར་འདུག ཁྱོས་ཚིག་འབྲུ་རེ་རེའི་གསེང་ལ་རྣོ་གྲུ་ཞིག་བཅུག་ནས་བསམ་གཟས་ནས་ང་ལ་ཚད་པའམ་མནར་གཅོད་བྱེད་ཀྱིན་ཡོད་པའི་རྣམ་པ་དེས་ངོ་མ་ངའི་སྙིང་ཁ་ཚལ་བུར་བཏང་སོང་།ཡིན་ནའང་ཁྱོད་ལ་བདེ་སྐྱིད་ཀྱི་སྨོན་ལམ་ཞིག་ཞུ་རྒྱུ་ལས་ཁྱོས་སྟེང་ལ་ཁོང་ཁྲོ་ཙམ་ཡང་ལེན་ཐུབ་མ་སོང་།འོན་ཏེ་རང་སེམས་ཀྱི་ན་ཟུག་དེ་ཇི་ལྟར་གསོ་དགོས་མ་ཤེས། སྤྱིར་ན་ཕན་ཚུན་ཚང་མ་གོ་བརྡ་ལོན་པའི་མྱི་རེད།དེའི་ཕྱིར་ཁྱོས་ང་ལ་འགྲེལ་བཤད་ཅིག་བྱས་ན་རང་གཞན་གཉིས་ལ་མནར་གཅོད་མེད་པ་འདྲ།ཁྱོད་ཀྱིས་ཆེད་དུ་ངའི་སེམས་སད་པའི་ཐབས་ལམ་འདྲ་ཡིན་ན།དེ་ལ་དོན་སྙིང་སྤུ་ཙམ་ཡོད་པ་རྟོགས་མ་ཐུབ།ཐབས་འདི་ནི་ཁྱོས་ང་ལ་ཆེས་ཐབས་སྡུག་གི་འབྲེལ་བ་བཅད་བཏང་ཞིག་མ་ཡིན་ནམ།ང་ཚོ་ཚང་མ་མི་རིགས་ཀྱི་བདེ་སྡུག་གླེང་ཁུལ་བྱེད་པའི་ཞེ་མཐུན་གྱི་མྱི་རེད།དེའི་ཕྱིར་ཁྱོས་ང་ལ་རེ་བ་སྟོང་ཟད་དུ་ཅུང་ཙམ་བཏང་སོང།དེ་ཁྱོས་རེ་བའང་ཡིན་ཤས་ཆེ།

  ཞེ་དུང་བའི་གྲོགས་པོ་ལགས།སྐྱེས་བ་སྔོན་མར་ངས་ཁྱོད་ལ་ཅི་ཞིག་བྱས་སོང་བ་ཡིན་ནམ།གང་ལྟར་ཁྱོད་ལ་ངེས་པར་བདེ་སྐྱིད་ལྡན་དགོས།ཆུང་མ་སྙིང་འདྲ་བོ་ཧ་ཅང་གཅེས་དགོས།ངས་གཏན་དུ་ཁྱོད་ལ་བདེ་སྐྱིད་ཡོང་བའི་སྨོན་ལམ་འདེབས་སྲིད།2016/5/8

ཞེ་དུང་བའི་གྲོགས་པོ་ལགས།

    རྫས་འགྱུར་སྣ་ཚོགས་ཀྱིས་བྱུགས་ཟིན་པའི་སྤྱི་ཚོགས་འདིར།ལྷད་མ་འདྲེས་པའི་དྭངས་མ་གཅིག་ཡོད་ན་དེ་ནི་ངས་ཁྱོད་ལ་ཕུལ་དང་བཅངས་བའི་བརྩེ་བ་ཡིན།ཡིན་ནའང་།ལས་དབང་ཞིག་གིས་ངས་ཁྱོད་ལ་བཅངས་བ་ཚང་མ་རྩེད་ཆས་བྱས་སོང་།ཆེད་དུ་གནས་བབ་འདི་འདྲ་ཞིག་ནས་ངེད་གཉིས་ངོ་འཕྲད་དུ་འཇུག་སྟེ་བཙན་དུ་ངེད་གཉིས་འབྲེལ་བ་ཚང་མ་ཚལ་བུར་བཏང་འདོད་ཆེ་འདུག ཡིན་ནའང་།ཁྱོད་ཀྱིས་ང་གྲོགས་རྣལ་མ་ཞིག་ལ་སྒོམ་འདོད་ཡོད་ན་ངས་ཕྱིར་ཁྱོད་རང་གྲོགས་པོ་རེ་ཅན་ཞིག་གི་ཚབ་ཏུ་བཞག་སྟེ། སང་ཞོགས་ཀྱི་ཉི་འོད་དང་ལྷན་དུ་འཛེམ་བྱ་ཅི་ཡང་མེད་པར་འཛུམ་གྱིས་བསུས་ཏེ་མཉམ་དུ་མདུན་སྐྱོད་བྱེད།འོན་ཏེ་ཁྱོད་ལ་དེའང་སུན་པ་ཡོད་ན་གཏན་གྱེས་བྱས་ཀྱང་ཆོག

   མཐར་གྲོགས་པོ་ཞིག་གི་ཚབ་ཏུ་རེ་ཞུ་ཆུང་ཆུང་ཞིག་ཡོད་པ་ནི་གཞུག་ཕྱོགས་ཁྱོད་རང་དོན་དག་གང་ལ་འཇུག་ཀྱང་།ཁྱོད་ལ་དུང་ཞེན་ཆེ་བའི་མི་དག་ལ་འགྲེལ་བཤད་རེ་གནང་རོགས།ཁོ་ཚོས་ཁྱོད་ཀྱི་སྒྲུབ་ཕྱོགས་ལ་བཀག་འགོག་ཡོད་པ་དེ་ཁོ་ཚོས་ཁྱོད་ཀྱི་བསམ་ཕྱོགས་མ་ཤེས་ལ།དེའི་ཕག་ན་ཁྱོས་ཁོ་ཚོ་ལ་བཤད་མི་ཤེས་པའི་ན་ཟུག་ཅིག་ཀྱང་བྱིན་གྱིན་ཡོད་ཤས་ཆེ།འགྲེལ་བཤད་བྱས་ཀྱང་ཁྱོད་ལ་རྒྱབ་སྐྱོར་ཡོད་མེད་ཅི་རིག་ཡོད་སྲིད་ཀྱང་།དེ་རང་གིས་སྒྲུབ་ཐག་གཅོད་པ་བྱས་ཏེ་རང་ཚུགས་བཟུང་ཡང་།ཁོ་ཚོ་ལ་སེམས་ཁུལ་ཇེ་ཡང་དུ་གཏོང་སྲིད།

   གྲོགས་པོ་ལགས་ངས་ཡོད་ཚད་མཇུག་སྡོམ་པའི་ཉིན་མོ་འདིར།ཁྱོད་ཀྱིས་ཁ་པར་ཞིག་ཐོན་འདུག ཉི་མ་གང་ཞིག་ནས་ཤར་བ་དང་དོན་དག་ཅི་ཞིག་ཁྱོད་ཀྱིས་འཆད་པར་འདང་རེ་བཏང་ན་དངངས་སྐྲག་ཅིག་ཀྱང་སྐྱེས་ཡོང་སྟེ་ངས་རང་ཉིད་ཇི་ལྟར་འདུར་ལ་ཕབ་ཁུལ་བྱས་ཀྱང་ད་དུང་རང་ཚུགས་མི་ཟིན་པའི་ཞེན་ཆགས་ཤིག་འདུག འོན་ཏེ་ང་སློབ་ཁྲིད་ཚོགས་ཡོད་པས་དུས་ཐོག་ཏུ་ལེན་ཐུབ་མ་སོང་།དང་ཐོག་ཁྱོད་ཀྱི་ཁ་པར་ཐོན་པ་རིག་མ་ཐག་སྙིང་ལ་ཚ་ཙག་ཅིག་རྒྱུག་སོང་།གང་ལྟར་ཁ་སང་དེ་རིང་གཉིས་ལ་ངས་རང་གི་སེམས་གསོ་བྱེད་ཐབས་ལ་སྨྱོན་པ་ལྟར་དཔེ་ཀློག་བྱེད་ཀྱིན་ཡོད།དེ་མིན་ངའི་སེམས་སུས་ཀྱང་གསོ་ཐབས་མི་འདུག ད་ལྟ་རབ་ཅིག་སེམས་ཁམས་སྙོམས་སྒྲིག་བྱས་ཐུབ་ཡོད། ད་ཉོག་འབྲི་མི་བྱེད་གྲོགས་པོ་ལགས་མཚམས་འདི་ནས་ཁྱོད་དང་ངེད་གཉིས་བརྩེ་དུང་ལ་བདེ་མོ་བཞག་སྟེ་གྲོགས་པོ་གསར་བ་ཞིག་གི་འབྲེལ་བ་བསུས་ན་ཅི་འདྲ་རེད།གོང་ནས་བཤད་པ་ནང་བཞིན་ཁྱོད་ལ་སུན་པ་ཡོད་ན་རང་རང་སར་གྱེས་ཀྱང་ཆོག 201/5/10

 

 

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 206,723评论 6 481
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 88,485评论 2 382
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 152,998评论 0 344
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 55,323评论 1 279
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 64,355评论 5 374
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 49,079评论 1 285
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 38,389评论 3 400
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 37,019评论 0 259
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 43,519评论 1 300
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 35,971评论 2 325
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 38,100评论 1 333
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 33,738评论 4 324
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 39,293评论 3 307
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 30,289评论 0 19
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 31,517评论 1 262
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 45,547评论 2 354
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 42,834评论 2 345

推荐阅读更多精彩内容