མ་བཟང་བུ་མོ།
དྲན་པའི་སྐྱོ་བ་ཡོད་དུས།།
གདུང་བའི་འདང་དེ་མངགས་འདོད།།
དགའ་བའི་སྤྲོ་བ་རྒྱས་དུས།།
འཛུམ་པའི་འོད་དེ་བསྟན་འདོད།།
དགའ་སྐྱོ་འདྲེས་མའི་གསེབ་ནས།།
འཕྲིན་པའི་ལམ་ལ་འཇུག་སོང་།།
སྙིང་སྡུག་གྲོགས་པོ་ཁྱེད་ལ།།
སུན་པའི་དབུགས་ཤིག་སྐྲུན་སོང་།།
འཇོར་མོའི་གཤོག་པ་མེད་ཀྱང་།།
འཁྲེང་བའི་རྨུ་ཐག་རིང་མོ།།
འཛིན་པའི་ཐབས་ཤིག་མེད་པར།།
ཁྱེད་ཡུལ་ཕྱོགས་ལ་འཕུར་སོང་།།