ས་ག་ཟླ་བའི་སྐོར་ཀྱི་བསམ་ཚུལ་འགའ།

图片发自简书App


                                  མཆོག་སྤྲུལ་ངག་བློ་རྒྱལ་གྱིས་མཛད།

                                  ས་སྐལ་རྒྱམ་གྱིས་བོད་འགྱུར་བྱས།

    དེ་རིང་ནས་བཟུང་ཧོར་ཟླ་བཞི་བའི་མགོ་ཚུགས་པ་རེད།ས་ག་ཟླ་བ་ཞེས་པ་དེ་རེད།ས་ག་ཟླ་བའི་དུས་ཆེན་འདི་ནི། ནང་པ་སངས་རྒྱས་པའི་རྗེས་འཇུག་ཞིག་ལ་མཚོན་ན་ངེས་པར་ཏུ་རྗེས་སུ་དྲན་དགོས་ལ་དྲན་འོས་པའི་ཉིན་མོ་ཞིག་ཀྱང་ཡིན།རྒྱུ་མཚན་ཅི་རེད་ཅེ་ན།ཟླ་བ་འདི་ནི་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་། མངོན་པར་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་ཚུལ་སྟོན་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་རེད།སངས་རྒྱས་བཅོམ་ལྡན་འདས་ཁོང་ལ་དད་སེམས་གཙང་མ་ཞིག་ཡོད་མཁན་ཞིག་གི་ཆ་ནས་བཤད་ན་དུས་ཆེན་གསུམ་འདི་ཉིད་ཟླ་བ་གཅིག་ལ་ཚོགས་པ་ཙམ་གྱིས་ཀྱང་ཧང་སང་དགོས་ཡ་གཅིག་དང་དད་པ་ཡང་སྔར་ལས་བརྟན་པོར་ཆགས་པའི་རྒྱུ་རུ་འགྲོ་ངེས་རེད།

  ཇི་སྐད་དུ།རྒྱུད་ཆོས་མང་པོ་ལས།དམ་པ་རྣམས་འཁྲུངས་འདས་སོགས་ཀྱི་དུས་ཆེན་གྱི་སྐབས་སུ་ཁོང་ཅག་རྗེས་སུ་དྲན་པ་དང་ཁོང་ཅག་གི་ཡོན་ཏན་རྗེས་སུ་དྲན་པ་དང་།སྡིག་སྤངས་དགེ་བསྒྲུབ་ཀྱི་ལས་ལའང་བརྩོན་འགྲུས་ཆེན་པོས་འཇུག་ཚེ་དགེ་བའི་ཚོགས་ཀྱང་བསམ་གྱིས་མི་ཁྱབ་པ་འབྱུང་ཞེས་པ་གསུངས་ལ།རང་ཅག་ལྟ་བུ་སྟོན་པ་ཐུགས་རྗེ་ཅན་ཁོང་གི་རྗེས་འཇུག་ཅིག་ལ་མཚོན་ན་སངས་རྒྱས་བཅོམ་ལྡན་འདས་ལས་ལྷག་པའི་ཡང་དག་པའི་སྟོན་པ་ཞིག་མཆོད་ཡུལ་དུ་བསྟེན་བྱ་མེད་ཕྱིན།ང་ཚོས་ངེས་པར་དུ་དུས་ཆེན་གསུམ་འཛོམས་ཀྱི་ས་ག་ཟླ་བ་འདི་ལྟ་བུ་ལ་སེམས་བསྐྱེད་རྣལ་མ་ཞིག་གིས་སྡིག་སྤངས་དགེ་བསྒྲུབ་ཀྱི་ལས་ལ་ནུས་པ་ཅི་ཐོན་གྱིས་འབད་པ་བརྩོན་དགོས་ལ་འབད་པ་བརྩོན་ཚེ་ཕན་པའང་བླ་མེད་ཅིག་འབྱུང་ངེས་ཡིན་སྙམ། དེའི་ཕྱིར་ན་སྐྱེས་ཆེན་དམ་པ་གང་མང་ཞིག་གིས་དུས་ཆེན་གསུམ་འཛོམས་གྱི་ཟླ་བ་འདི་ལ་སྲོག་བླུ་བྱེད་པ་དང་དཀར་ཟས་རོལ་པ་སོགས་རྣམ་དཀར་དགེ་བའི་ལས་དག་ལ་འབད་དགོས་ཞེས་གསུང་གི་བསྐུལ་མའང་མང་པོ་གནང་བཞིན་པ་དེ་རེད།དེའི་ཕྱིར་ན་བདག་གིས་བཟློས་སྐྱོན་གྱི་ཚུལ་དུ་སྲོག་བླུ་བྱེད་དགོས་ཚུལ་དང་དཀར་ཟས་མཆོད་དགོས་ཚུལ་སོགས་མང་པོ་ཞུ་འཆར་མིན།

  ཡང་ཅིག་བཤད་ན་སྲོག་བླུ་གཏོང་བ་ཙམ་དང་།དཀར་ཟས་སྤྱོད་པ་ཙམ།དགེ་ལས་ཙམ་སྒྲུབ་པ་སོགས་སངས་རྒྱས་བཅོམ་ལྡན་འདས་ཁོང་གི་ཆོས་ཡིན་པ་ཁག་པོ་རེད།སངས་རྒྱས་བཅོམ་ལྡན་འདས་ཁོང་ནི་སྲོག་བླུ་རང་ལུགས་པ་ཞིག་མ་ཡིན་ལ་།དཀར་ཟས་རང་ལུགས་པའང་མིན།དེ་བསཀྱང་དགེ་ལས་རང་ལུགས་པ་ཞིག་ཀྱང་མིན།ང་ཚོས་ནམ་རྒྱུན་རྒྱལ་བའི་གསུང་རབ་དག་ལ་གཟིགས་ཚེ།ཁོང་གིས་སྲོག་བླུ་གནང་དགོས་པ་དང་།དཀར་ཟས་བཞེས་དགོས་པ་སོགས་ཀྱི་གནས་ཚུལ་མང་པོ་ནན་ཏན་ཚུལ་དུ་གསུངས་མེད་པ་དེ་རེད།

   གསུང་རབ་དག་ལས་ལྟ་བ་རྣམ་དག་ཅིག་རྒྱུད་ལ་སྐྱེ་དགོས་ཚུལ་དང་གསོ་དགོས་ཚུལ།རང་རྒྱུད་ལའང་བྱམས་པ་དང་།སྙིང་རྗེ།བྱང་ཆུབ་ཀྱི་སེམས་སོགས་སྦྱང་དགོས་ཚུལ།མི་རྟག་པ་དང་འཁོར་བའི་ཉེས་དམིགས་སོགས་བསྒོམ་དགོས་ཚུལ་མང་པོ་ལེགས་པར་གདམས་པ་དེ་རེད།དེའི་ཕྱིར་ན་ང་ཚོས་ཛ་དྲགས་པའི་སྲོག་བླུ་དང་དཀའ་ཟས་རང་ལུགས་སོགས་གནས་སྐབས་སུ་བཏང་སྙོམས་བཞག་སྟེ་སྟོན་པ་ཐུགས་རྗེ་ཅན་ཁོང་གིས་ནི་ང་ཚོས་དུས་ཡུན་ངེས་ཅན་ཞིག་ལ་དཀར་ཟས་མཆོད་པ་དང་སྲོག་བླུ་གྲངས་འབོར་ཆེན་པོར་བྱེད་པ་ལ་ཐུགས་དགྱེས་སམ་ཡང་ན་དུས་ཚོད་ངེས་ཅན་ཞིག་ལ་མི་རྟག་པ་སྒོམ་པ་དང་བྱང་ཆུབ་ཀྱི་སེམས་སོགས་བསླབ་པ་དང་།གཞུང་ལུགས་མང་པོར་ཐོས་བསམ་བྱེད་པར་ཐུགས་དགྱེས་སམ་ཞེས་བསམ་གཞིག་གནང་རྒྱུ་གལ་ཆེ།འདི་ནི་ཁོ་བོས་ནང་བ་པ་ཞིག་ཡིན་ཕྱིན་ངེས་པར་ཏུ་བསམ་གཞིག་གནང་དགོས་པ་ཅིག་རེད་སྙམ།

    ཁོ་བོས་སྲོག་བླུ་གཏོང་བ་དང་།དཀར་ཟས་རོལ་བ་སོགས་ལ་ཕན་པ་མེད་ཅེས་གཏན་ནས་ལབ་པ་མིན།དེའང་ཧ་ལས་པ་ཡག་པོ་རེད།རང་གཞན་སུ་ཡིན་རུང་དངོས་གནས་དྲང་གནས་ཕན་པ་འབྱུང་གི་ཡོད་ས་རེད།འོན་ཏེ་ང་ཚོས་དེ་ལས་མཆོག་གྱུར་གྱི་ཆོས་ཤིག་སྒྲུབ་ཐུབ་པ་རེད། དཔེར་ན་ང་རང་ཚོས་ཉིན་ཕྱེད་དུ་སྲོག་བླ་བཏང་ཚེ།ཉིན་ཕྱེད་དུ་ཐོས་བསམ་གནང་།བྱམས་པ་དང་སྙིང་རྗེ་ཆེན་པོ་སོགས་རང་རྒྱུད་དུ་བསྒོམ་ཐུབ་པ་བྱུང་ན་དེ་ནི་ཆོས་ཡིན་པ་མ་ཟད་མཆོད་པའང་རྒྱ་ཆེན་པོ་འགྱུར་འགྲོ་རེད།བདག་གི་བསམ་པ་ལ་སྟོན་པ་ཐུགས་རྗེ་ཅན་ཁོང་ཡང་ང་ཚོས་ཐོས་བསམ་ཡག་པོ་གནང་བ་དང་ཉམས་ལེན་ཡག་པོ་ཞིག་གནང་ཚེ་ངེས་པར་ཐུགས་དགྱེས་པ་ལས་སྲོག་བླུ་གཏོང་བ་དང་།དཀར་ཟས་རོལ་བ་རྐྱང་རྐྱང་གི་ལས་གཉེར་བ་ཙམ་གྱིས་མ་རེད་སྙམ།དངོས་གནས་ལབ་ན་ནང་བ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ཡང་སྲོག་བླུ་གཏོང་བ་དང་དཀའ་ཟས་མཆོད་པ་སོགས་ཀྱི་སྤྱོད་པ་མ་ཡིན་པར་མཐའ་བཞི་སྤྲོས་བྲལ་སོགས་ཀྱི་ལྟ་བ་དེ་རེད།དེའི་ཕྱིར་ན་ང་ཚོས་ལྟ་བ་དེ་དག་རྒྱུད་ལ་སྐྱེ་ཕྱིར་ཧུར་བརྩོན་གནང་དགོས་པ་གལ་ཆེ་རེད།ང་རང་ཚོས་ཆེས་ལེགས་པའི་སྲོག་བླུ་ནི་ཚེ་སྲོག་ལ་འདྲ་མཉམ་གྱི་སེམས་བསྐྱེད་བྱུང་བ་དེ་རེད།ཆེས་ལེགས་པའི་དཀར་ཟས་ནི་ཚེ་སྲོག་ལ་བྱམས་པ་དང་སྙིང་རྗེ་ཆེན་པོ་སྐྱེ་དགོས་པ་དེ་རེད་དོ།།

                    关于萨嘎达瓦的一些想法!

                                                     阿洛迦/活佛撰写

     今天开始是藏历的四月,也就是萨嘎达瓦,这个月对于一个佛教徒而言,是一个值得纪念的日子,因为这个月见证了一位佛陀的出生,成佛,以及涅槃。对于一个对佛陀有无上信心的人而言,单就因为这三个重要的时刻发生在同一个月就值得赞叹,并且对佛陀生起更坚定的信心。

      在许多续部里说:在大德们的重要日子里忆念他们与他们的功德,并且去修善去恶都会有意想不到的功德,而我们作为一个佛教徒,没有任何大德能大过佛陀,故此在这佛陀的三大重要日子集于一月的这段时间里我们若是能够以纯净的发心去修善去恶会有意想不到的效果,也因此有很多大德在呼吁,呼吁大家在藏历四月里不吃肉,多行善,也因为有很多大德的呼吁,故此我在这里并不想过多强调关于吃素与修善。

     放生,吃素,做好事,都不算是佛陀的教法,佛陀不是放生主义者,也不是素食主义者,更不是好事主义者,当我们阅读那些佛陀的教法的时候,佛陀并没有很强调放生,吃素、做好事等,相反强调更多的是持正确的观点,修慈心,悲心,菩提心,观想无常,轮回缺陷等,故此,我们是否应该暂时停下我们放生,吃素等狂热的行动与心念之后好好想想佛陀是希望我们大量的放生与长期地吃素还是更希望我们大量的修习佛法,长期地修持悲心与菩提心,还有观想无常呢?我感觉这是一个对于佛教徒而言需要思考的问题,当然我不是说放生与吃素不好,这很好,不管是对自己,还是对他人都是很好的,但我们还可以做的更好一些,我们可以用半天的时间放生,还可以用剩下的半天修习佛法,观想无常,修持悲心,这会是很好的供养。我相信,佛陀更愿意看到我们修行,而不是一昧地放生,吃素,佛法最与众不同的并不是吃素放生等行为,而是观点,所以我们应该努力修习那些观点!因为最好的放生是对生命生起平等之心,最好的吃素是对生命生起慈悲。

   

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 203,362评论 5 477
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 85,330评论 2 381
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 150,247评论 0 337
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 54,560评论 1 273
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 63,580评论 5 365
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 48,569评论 1 281
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 37,929评论 3 395
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 36,587评论 0 258
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 40,840评论 1 297
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 35,596评论 2 321
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 37,678评论 1 329
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 33,366评论 4 318
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 38,945评论 3 307
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 29,929评论 0 19
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 31,165评论 1 259
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 43,271评论 2 349
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 42,403评论 2 342

推荐阅读更多精彩内容