མ་བཟང་བུ་མོ།
སྐབས་ལ་ལར། མི་ཚོགས་ཀྱི་དབུས་ནས།
ངའི་སྐྲ་ལོ་ཤུགས་སེར་མངགས།
དཀྱིལ་དཀྲུང་སྐོར་ཀོར་མོ་ཞིག་བྱས།
ཐ་མག་རྐང་གཅིག་དང་ཨ་རགས་ཕོར་བ་གང་།
ད་དུང་ཚོང་ལས་དང་སྙན་ངག་གླེང་།
སྨྱུ་གུ་དང་འབྲི་དེབ་ཟད།
དེ་དག་གི་དེ་དག
སུས་ཀྱང་ང་རང་སྣང་མེད་དུ་བཞག་ཡོད་ན།
ག་ལ་འཇོག ག་ལ་འཇོག
གྲོང་ཁྱེར་ཀྱིས་དུ་བ་རྔུབ་ཏེ་རང་སྲོག་ལེན་བཞིན་འདུག
ངས་ཕྱག་བཅུ་སོར་མོ་སྙིང་ཁར་སྦྱར་ནས།
ང་རང་ཁྱོ་བོ་དུད་འཐེན་ཞིག་ལ་མི་འཕྲད་པར་སྨོན་ལམ་ཞུ་བཞིན་ཡོད།དུད་སྨུག་གི་ཀློང་ནས་ཨ་རགས་ཀྱི་བཟི་ཁ་འགྲན་པ་ནི་ཅི་འདྲའི་ཡི་ཐང་ཆད་པའི་འཕྲོ་ལྷག་མང་པོ་ཞིག་རེད་ཨང་།དེ་བས་ ང་ལ་སྙན་ངག་གི་གཞུང་མེད་ན་ཆོག་ལ།ཨ་རགས་ཀྱི་སྒོར་མོ་ཡང་མི་དགོས།
2017.6.18