2018-04-18

图片发自简书App
  ལུང་སྟོན་པ་རྟགས་ཀྱི་འཇུག་པ་ལས་ཨ་ཡིག་གི་སྒྲ་   
   
      གདངས་ལ་ཅུང་ཙམ་དཔྱད་པ་བློ་གསར་
       
          དགྱེས་པའི་མགུལ་རྒྱན་ཞེས་
   
                བྱ་བ་བཞུགས་སོ།།

ཇི་སྙེད་ཆོས་ཀུན་ས་ལེར་གཟིགས་མཛད་གཞོན་ནུའི་ཚུལ་གྱི་ལང་ཚོ་འཛིན།།

ཡིད་འོང་མཚམས་སྤྲིན་མདངས་ཀྱིས་ཡོངས་ཀླུབས་ངག་ལ་དངོས་གྲུབ་སྟེར་བའི་བདག།

མཐའ་བྲལ་འགྲོ་བའི་དོན་ལ་མི་ཞུམ་རྣམ་ཀུན་ལེགས་པའི་ལམ་བཟང་སྟོན།།

སྐྱེ་བའི་ཕྲེང་གི་ལྷག་པའི་ལྷ་གཅིག་འཇམ་དཔལ་དཔའ་བོས་བདག་ལ་སྲུངས།།

ཡེ༵༵སྟོང་གདོད་ནས་དག་པ་ཆོས་སྐུའི་ཀློང་།།

ཤེས༵༵་བྱའི་དཀྱིལ་འཁོར་མཁྱེན་པ་འཇམ་དབྱངས་ལྷའི།།

སེམ༵༵༵༵༵ས་དང་སེམས་ཀྱི་མངོན་རྟོགས་ཡོངས་མཁྱེན་པའི།།

དཔའ༵༵༵་བོར་གྱུར་པ་དྲིན་ལྡན་བླ་མར་གུས།།

ཨ་ནུའི་ཐུགས་བྱུང་ཐབས་ཤེས་གསལ་བྱེད་དབྱངས་གསལ་སོ་བཞིའི་རིག་པའི་འཕྲུལ།།

སྔོན་བྱེད་མཁས་པའི་ཐུགས་བསྐྱེད་བརྟན་པོའི་ལྗགས་ཆབ་གཙང་མ་བཀྲམ་པའི་མཐུས།།

ན་ཆུང་བློ་གསལ་སྤྲོ་དགའ་འབུམ་གྱིས་ལེགས་པར་འཁྱུད་པ་འདི་མཐོང་ཡང་།།

ཇི་བཞིན་མ་རྟོགས་ཕས་རྒོལ་འགའ་ལ་ལུང་རིག་རལ་གྲིས་བརྡར་ཤ་གཅོད།།

ཐོན་མིའི་རིགས་པའི་མེ་དཔུང་སྟོབས་ཀྱིས་གངས་ཅན་མུན་པ་དབྱིངས་སུ་བསལ།།

སི་ཏིའི་རིགས་འཕྲུལ་མདའ་མོའི་ངར་གྱིས་ལོག་སྨྲའི་བརྟུལ་ཞུགས་མངོན་དུ་བྱེད།།

ཁོ་བོའི་རིག་ལམ་རྣམ་དཔྱོད་རྣོན་པོས་གཞན་ལུགས་ལྟ་གྲུབ་དུམ་བུར་གཞོམ།།

སྐྱེ་མེད་ཨ་ལ་ལྟ་ཚུལ་བརྗོད་མཁས་ཕྱིས་འབྱུང་འགའ་ལ་ལན་འདི་སྤྲོ།།

ཞེས་ཚིག་བཅད་སྙན་ངག་ཕྲེང་བས་མདུན་བསུས་ཏེ། འདིར་གླེང་བར་བྱ་བ་ནི། རྣམ་དཔྱོད་རིག་པའི་འཕྲུལ་འཁོར་གྱིས་ཐུན་མོངས་དང་ཐུན་མིན་གྱི་གཞུང་ལུགས་འབུམ་ཕྲག་གི་གནས་ལུགས་ཡང་དག་མཁྱེན་པའི་ཐུ་མི་སཾཾཾཾཾཾཾཾཾ་བྷོ་ཊ་ཞེས་མཚན་སྙན་བ་དན་དཀར་པོ་འཕགས་ཡུལ་ན་ཁྱབ་པ་གང་གིས་བསྟན་བཅོས་ཆེན་མོ་བརྒྱད་མཛད་པ་ལས་ལུང་སྟོན་པ་རྟགས་ཀྱི་འཇུག་པའི་རྩ་བའི་ས་བཅད་དང་པོའི་སྡོམ་ན།  ར་ལ་ཧ་ནི་མོ་གཤམ་སྟེ།། ཨ་ནི་མཚན་མེད་ཅེས་ཀྱང་བྱ། ཞེས་བསྟན་པའི་སྐབས་དོན་ལ་ཅུང་ཙམ་དཔྱད་པར་བྱ་སྟེ།

དེ་ལ་གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ། རྩོད་པ་སྤོང་བ་སྟེ་གསུམ་ལས་དང་པོ་ནི།ཁ་ཅིག་རྩ་བའི་ཚིག་གི་ཨ་ནི་མཚན་མེད་ཅེས་ཀྱང་བྱ།། ཞེས་པའི་དོན་ཐད་གར་འབྲེལ་ནས་ཨ་རྟགས་མེད་དུ་འདོད་པ་བྱུང་ཡང་དེ་ལྟར་ན་ཐུ་མི་ཉིད་ཀྱིས་སྡེ་བ་ཕྱེད་དང་བརྒྱད་པོ་སྡེ་ཚན་ལྔར་དྲིལ་བར་བསྟན་པ་དང་འགལ་ཏེ་སྡེ་ཚན་ལྔར་མི་གཏོགས་པའི་རྟགས་མེད་ཀྱི་ཨ་ཡིག་ཅིག་ཁས་བླངས་བ་དང་།དབྱངས་མོ་གསལ་བྱེད་ཕོ་ཡི་ཡི་གེར་ཁས་བླངས་བཞིན་དུ་ཨ་ཡིག་མཚན་མེད་དུ་བགྲངས་ན་བློ་གཟུར་བ་གནས་པ་མ་ཡིན་པའི་སྐྱོན་དང་།མཚན་མེད་ཅེས་ཀྱང་བྱ་ཞེས་པའི་ཀྱང་སྒྲ་ནུས་མེད་དུ་ཐལ་བའི་སྐྱོན་ཡོད།ཡང་ཁ་ཅིག་ཨ་ཡིག་ནི་རང་དབང་བའི་བརྗོད་པ་ཡིན་པས་སྡེ་ཚན་ལྔ་པོ་གང་དུ་མི་གཏོགས་པར་རྟགས་མེད་དུ་འདོད་པ་བྱུང་ཡང་མ་བརྟགས་པར་དཔྱད་བརྗོད་བྱས་བར་ཟད་དེ་ཨ་ཡིག་མགོ་འདོག་དང་སྔོན་འཇུག་སོགས་མེད་པ་ཙམ་གྱིས་རང་དབང་བའི་བརྗོད་པ་ཡིན་ཟེར་ན་དེ་ལྟར་ན་འ་ཡང་རང་དབང་བའི་བརྗོད་པ་ཡིན་ཞིང་ཁྱོད་ཀྱི་ལུགས་ལ་དེ་ཡང་རྟགས་མེད་ལ་མི་འདོད་བཞིན་དུ་ཁས་ལེན་དགོས་པར་ཐལ།  གཞན་ཡང་སྒྲ་གདངས་དྲག་ཞན་གྱིས་རྟགས་མེད་ཡིན་མིན་དུ་བཞེད་པས་ཨ་ལ་ཤའི་སུམ་འགྲེལ་ན་འདི་སྐད་གསུངས་སོ་བརྗོད་པ་ལྟ་བུའི་རང་གྲོགས་དབྱངས་ལ་མ་ལྟོས་པར་སྒྲ་གདངས་མངོན་སུམ་དུ་གྲུབ་ཅིང་། རྟགས་མེད་ཅེས་བཙན་གྱིས་འགྲེལ་ན་མ་གཏོགས་འཐད་ལྡན་ཉིད་དུ་ཁོ་བོས་ཇི་ལྟར་བརྟགས་ཀྱང་མི་སེམས་སོ།། དེ་བཞིན་མཁས་གྲུབ་ཀརྨ་སྨོན་ལམ་འོད་ཟེར་གྱིས་ཀྱང་ཨ་ཡིག་ནི་དེ་ལས་ཀྱང་རྩོལ་བ་ཞན་པའི་སྒོ་ནས་མཚན་མེད་ཀྱི་ཡི་གེར་བཞག་པ་ཡང་ཤེས་པར་བྱ་དགོས་གསུངས་པ་དང་། ཨ་ཡིག་ནི་ཤིན་ཏུ་སྒྲ་རྩོལ་ལྷོད་ཅིང་ཞན་པས་སྤྱིར་མོ་གཤམ་ཡིན་ཡང་ར་ལ་ཧ་གསུམ་དང་རྣམ་པ་ཀུན་ཏུ་གཅིག་མཚུངས་མ་ཡིན་པར་དེ་དག་ལས་ཀྱང་སྒྲ་རྩོལ་ཞན་པ་ཡིན་པར་གོ་དགོས་པ་ལས་མོ་གཤམ་དང་མཚན་མེད་གཞི་མཐུན་དུ་ཡོད་པར་གསུང་པ་མ་ཡིན་པར་ངེས་དགོས་གསུངས་པ་དག་གིས་གྲུབ་བོ།།

དེས་ན་འདིར་རང་ལུགས་ཇི་ལྟར་འཇོག་ཅེ་ན། ར་ལ་ཧ་རྣམས་ནི་ཤིན་ཏུ་མོ་རྣམས་ལས་ཀྱང་ཅུང་ཟད་རྩོལ་བ་ལྷོད་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར་དང་། ཨ་ཡིག་ནི་ཀློག་ཚུལ་གྱིས་མོ་གཤམ་གཞན་ལས་ལྷོད་པར་གྲུབ་ཅིང་། དེར་མ་ཟད་ཡི་གེའི་མདོར་སྲོག་ཆེན་གྱི་ཡི་གེ་གཞན་རྣམས་ཕྱེ་བའི་རྩོལ་བ་ཅན་དུ་བྱས་ཤིང་། ཨ་ཁོ་ན་མགྲིམ་པ་བཙུམ་པའི་རྩོལ་བ་ཅན་དུ་བཞག་པས་ཀྱང་གྲུབ་པའི་ཕྱིར་རོ་ཞེས་པ་དག་གིས་གྲུབ་བོ།། གོང་གི་རྩ་བའི་ཚིག་དོན་ཇི་ལྟར་འགྲེལ་ཞེ་ན།  ར་ལ་ཧ་རྣམས་ནི་ཤིན་ཏུ་མོ་ལ་ལྟོས་ན་སྒྲ་གདངས་ཧ་ཅང་ཞན་པས་མོ་གཤམ་གྱི་གྲས་སུ་བགྲང་བ་སྟེ། ཨ་ནི་སྤྱིར་བཏང་མོ་གཤམ་ཡིན་ཡང་མོ་གཤམ་གྱི་ཡི་གེ་དག་ལ་ལྟོས་ན་སྒྲ་གདངས་ཅུང་ཞན་པས་མཚན་མེད་ཅེས་ཀྱང་མིང་གིས་སྒྲ་ཙམ་བསྙད་པ་ཡིན་ནོ།།

གསུམ་པ་རྩོད་སྤོང་ནི། ཨ་ཁོ་རང་མོ་གཤམ་དང་མཚན་མེད་གཉིས་ཀ་ཡིན་པར་བཞེད་པ་མི་འཐད་དོ་སྙམ་ན་མ་ཡིན་ཏེ།ཨ་ནི་མཚན་མེད་ཅེས་ཀྱང་བྱ།།ཞེས་པའི་ཀྱང་སྒྲའི་ནུས་པས་ཨ་ཡིག་ར་ལ་ཧ་བཞིན་མོ་གཤམ་ཡིན་པར་གྲུབ་ཅིང་། མཚན་མེད་ཅེས་པས་དེ་མོ་གཤམ་ཡིན་ཡང་མོ་གཤམ་གྱི་ཡི་གེ་གཞན་རྣམ་ལས་བྱེད་རྩོལ་ཅུང་ཞན་པས་མཚན་མེད་ཅེས་མིང་དུ་གདགས་པ་ཡིན་པས་དེ་ལྟར་རྟོགས་དགོས་པ་ཧ་ཅང་གནད་ཆེའོ།། རེ་ཞིག་གྲུབ་བོ།།

                                    སླར་སྨྲས་པ།

རིག་ལམ་རྡོ་རྗེ་ཐོག་གི་མེ་ཆར་མེ་འོད་འཕྲོ་བ་ཡང་དག་དཔྱད་པའི་ང་རོ་ཡིས།།

མ་རྟོགས་ལོག་པའི་ཚང་ཚིང་ཀུན་བསྲེགས་བདེན་དོན་རིག་པའི་ལམ་ལ་བཅུམ།།

མི་ཤེས་རྨོངས་པའི་སྨག་རུམ་བཅོམ་པ་དཔྱད་གསུམ་དག་པའི་བློ་མིག་གིས། །

རྔམ་ནག་འཁོར་བ་དུང་ནས་དཀྲུགས་ཤིང་གཏན་བདེ་ཐོབ་པའི་རྒྱུ་རུ་སྨོན།།

ཅེས་པ་འདི་རབ་རྒྱན་ཤིང་ལུགས་ལོའི་ཟླ༡༡པའི་ཚེས་༡༥ཉིན་མདོ་མང་ནང་བསྟན་སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་དཔྱད་རྩོམ་དུ་སློབ་གཉེར་པ་ཡེ་ཤེས་སེམས་དཔར་འབོད་པས་བྲིས་པ་དགེ་ལེགས་འཕེལ།

©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 204,189评论 6 478
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 85,577评论 2 381
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 150,857评论 0 337
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 54,703评论 1 276
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 63,705评论 5 366
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 48,620评论 1 281
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 37,995评论 3 396
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 36,656评论 0 258
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 40,898评论 1 298
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 35,639评论 2 321
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 37,720评论 1 330
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 33,395评论 4 319
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 38,982评论 3 307
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 29,953评论 0 19
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 31,195评论 1 260
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 44,907评论 2 349
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 42,472评论 2 342

推荐阅读更多精彩内容