སྙིང་གི་བྱམས་པ་དྲན་ནས།
དྲན་པའི་སྐྱོ་གླུ་བླངས་སོང་།
སྐྱོ་སྣང་དབྱངས་རྟའི་ནང་ལ།
སྐྱོ་བའི་སེམས་གཏམ་འཐེན་ཡོད།
སྙིང་གི་བྱམས་པ་དྲན་ནས།
སྐྱོ་གླུ་ངག་ལ་དྲངས་ཡོད།
ངག་གི་འགྱུར་ཁུགས་རེ་ལ།
སྙིང་གི་བརྩེ་བ་འཐིམས་ཡོད།
སྙིང་གི་བྱམས་པ་དྲན་ནས།
དྲན་པའི་ཟིན་ཐོ་བྲིས་ཡོད།
བྲིས་པའི་ཡིག་ཆུང་རེ་ལ།
དྲན་པའི་གདུང་བ་བཀོད་ཡོད།
སྙིང་གི་བྱམས་པ་དྲན་ནས།
དྲན་པའི་གཞས་ཤིག་བཏང་ཡོད།
གཞས་ཆུང་གཞས་གདངས་ནང་ལ།།
བྱམས་པའི་ཞེ་འདང་འཁོར་ཡོད།