དཔོན་པོ་འདི་ཚོ་ཧབ་སེམས་ཆེན་པོ་ཞིག།།
ཅང་མེད་དབུལ་བོར་གནང་བའི་རྣམ་གྲངས་ལ།།
སྙིང་རྗེ་མེད་པར་རྐོག་ཟ་བྱེད་སྲོད་ཞིག།།
ཤི་ན་གང་དུ་འགྲོ་ཡ་ང་སྐྲག་གི །
དཔོན་པོ་འདི་ཚོའི་རྒྱུད་འབྲས་རྣོག་རྣོག་ནས།།
ཅང་མེད་དབུལ་བོའི་ཁ་འདི་བྲག་བྲག་ནས།།
ཉམས་ཆུང་འབངས་མིར་མགོ་སྐོར་བཏང་བཏང་ནས།།
ཤི་ན་གང་དུ་འགྲོ་ཡ་ང་སྐྲག་གི །