འདོད་ཞེན་གྱི་ཚིག་མདའ།
གྲིབ་གཟུགས།
གཙིགས་མེད་བརྩེ་བ་རྩ་མེད་རྩེ་མཚར་གྱི་གཞི་མ།།
དོན་མེད་དམ་བཅའ་དུག་ཆང་ཨ་རག་གི་བཟི་ཁ།།
རྟག་མཐའ་རྟེན་ཚུལ་སྟོན་མེད་སྒྱུ་འཕྲུལ་གྱི་སོ་ཁ།།
འཁོར་བའི་ཁེར་རྐྱང་ཁ་བརྡའི་སྐྱོ་གདུང་གི་ཚིག་དུམ།།
སེམས་མཐུན་ས་ནས་སུབ་པ་བྱེ་ཐང་གི་རྐང་རྗེས།།
འགྲོགས་ཡ་འགྲུལ་བཞུད་མགྲོན་པོ་ཆར་དུས་ཀྱི་འཇའ་མཚོན།།
སྙིང་ཆུང་སྙི་མོའི་སྙན་ཚིག་ཁུ་བྱུག་གི་གསུང་དབྱངས།།
ཡིད་ཆེས་ཡལ་བའི་ཡ་ཁོག་རྙོག་འཛིང་གི་གཡུལ་ས།།
རུམ་གྱི་རེ་བཅོལ་རུལ་བ་གློ་བུར་བའི་གནམ་ལྕག །
མཚན་དགོང་ཚིག་གི་མཚོན་ཐབས་འཁྱགས་དུས་ཀྱི་མེ་ཏོག །
མི་ཕོའི་མ་འོངས་རྨི་ལམ་མགོ་འཁོར་གྱི་ཕོ་བྲང་།།
ལ་དགུ་ལམ་གྱི་ལ་གཞས་གྲིབ་གཟུགས་ཀྱི་མཛའ་འཕྲིན།།