གཙུག་ལག་མ་ལུས་བཅུད་ཀྱི་སྣོད།།
བདུད་རྩི་རྒྱ་མཚོས་སྐོམ་སེལ་བཞིན།།
གང་འདོད་སྟེར་བའི་བློ་གྲོས་གཏེར།།
གངས་རི་ར་བའི་གཙུག་ཏོར་རྒྱན།།
འཆད་ན་དོ་དགོང་སྐར་ཆེན་མཆོག།
རྩོད་ན་རྒོལ་ངན་བྲག་བརྒྱ་གཏོར།།
རྩོམས་ན་མཚོ་བྱུང་རྒྱལ་མོ་མཉམ།།
ངེས་དོན་དཔོན་གསས་ཁྱེད་ལ་བཀུར།།
ནེའུ་གསེང་མཛེས་པའི་ཆུ་སྐྱེས་ཤིག།
བསྟན་འཛིན་སྐྱེས་བུའི་ཚོགས་གྲྭ་ནས།།
བསྟན་པའི་གཤོག་རྩལ་འདྲེན་པོ་ཁྱེད།།
སྐུ་དངོས་ངོགས་ནས་མཇལ་སྐལ་བྱུང་།།
མཆིང་བུ་མཛོད་མང་དཀྱིལ་འཁོར་གྱི།།
གསེར་བཟང་ལི་མ་ཁེར་རྐྱང་དང་།།
སེམས་དཔའ་སྟོང་འདུ་མིག་ལམ་དུ།།
འཛའ་ཚོན་ལྔ་ལྡན་མཛེས་པོ་ཁྱེད།།
ཉག་བཙུན་་་་་་ན་བུན་གྱིས།
做者――象雄佛子。
《象雄佛子的辩经老师》