༡དཔོན་པོ་འདི་ཚོ་ཧམ་སེམས་ཆེན་པོ་ཞིག།།
ཅང་མེད་དབུལ་བོར་གནང་བའི་རྣམ་གྲངས་ལ།།
སྙིང་རྗེ་མེད་པར་ལྐོག་ཟ་བྱེད་སྟངས་ཤིག །
ཤི་ན་གང་དུ་འགྲོ་ཡ་ང་སྐྲག་གི །
༢དཔོན་པོ་འདི་ཚོའི་རྒྱུ་འབྲས་བསྣོགས་བསྣོགས་ནས།།
ཅང་མེད་དབུལ་བོའི་ཁ་འདི་བྲེག་བྲེག་ནས།།
ཉམ་ཆུང་འབངས་མིར་མགོ་སྐོར་བཏང་བཏང་ནས།།
ཤི་ན་གང་དུ་འགྲོ་ཡ་ང་སྐྲག་གི །
༣དྲང་བདེན་ཟེར་བ་དཔོན་པོའི་ཁ་ཚིག་ཙམ།།
དཔོན་པོ་ཕྱུག་པོར་གྱུར་བ་འབངས་མིའི་དྲིན།།
ལུས་ལན་འཁོར་བ་དཔོན་པོའི་མི་རྟོགས་སམ།།
ཤི་ན་གང་དུ་འགྲོ་ཡ་ང་སྐྲག་གི །
གངས་=ཆར་རྡེའུ་ནས།།