མ་ཡུམ་ལགས།

                                       

                                               དམར་ཁ་ཚ།

      མ་ཡུམ་ཞེས་པའི་སྙན་ཆ་དོད་ཅིང་འཇམ་ཤ་ཆགས་པའི་ཐ་སྙད་བརྗིད་པོ།ལྕེ་ངོས་ན་བདུད་རྩི་མངར་མོའི་ངང་ཚུལ་གྲུབ་ཅིང་ཁ་ནང་ནས་མིད་པར་འདེད་མི་བྲ་བའི་སྦྲང་དཀར་རྩམ་པ་ནས་དྲི་བྲོ་ས།རང་བཞིན་གྱིས་སེམས་སུ་ལྷུང་ཡོང་ཞིང་རློན་ཤ་ནེམ་པོ་ཅན་གྱི་མ་ཡུམ་དྲིན་ཆེན་མ།

    ཁྱེད་ཀྱིས་དོན་ངོ་མ་ཅན་གྱིས་དཀའ་ངལ་མྱོང་སོང་།ངས་སྟོང་བསམ་གྱི་གཤོག་པ་བསྐྱང་ནས་བུ་ཕྲུག་གཅིག་ཅི་ལྟར་མངལ་ལས་གསོ་བ་དང་སེམས་ཁམས་ལ་བདག་པོ་རྒྱག་སྟངས།ཟས་ཟ་མར་འཛེམས་ཚུལ་དང་འགྲོ་འདུག་སྤྱོད་གསུམ་ལ་དོགས་ཚུལ།ན་ཟུག་གི་འཁུན་སྒྲ་སྒྲོག་པའི་སྐབས་ཀྱི་སྦྲུལ་ནག་ལྟར་འཁྱུག་པའི་མ་ཡུམ་རེ་རེའི་གྲུབ་གཟུགས་མིག་ལམ་ལ་ཤར་བ་ཙམ་གྱིས་བརྒྱལ་ལ་ཉེ་ཡོང་།ངེད་མིང་སྲིང་བདུན་གྱི་ཡུམ་ཆེན་ཁྱོད་འདི་ལྟར་ལྕགས་བཙོ་མའི་རང་གཤིས་བཟུང་ནས་ཡོང་བ་འདི་ལྷ་མོ་རྗེ་བཙུན་མ་མི་ཡུལ་དུ་བྱོན་པ་ལས་གཞན་འགྲེལ་ཚུལ་མི་རྙེད།

   དྲིན་ཆེན་མ་ ང་ལོ་གཉིས་ལ་སོན་ཙམ་ཞིག་ལ་མིད་པ་ན་ནས་སྨན་པར་བསྟེན་དུས་ཁྱེད་ཀྱིས་སེམས་ཁུར་དང་རྔམ་པ་འཐེན་ཞོར།ང་པང་དུ་དམ་པོར་བཟུང་ནས་སྔས་མགོར་མགོ་བོ་ཞག་འགའ་ལ་གླན་གང་ནས་ཐུབ་ས་ལའང་སྡོད་མ་ཚུགས་པའི་སྣང་ཚུལ་དེ་ངས་དེ་རིང་རྟོག་བཟོ་བྱས་ན་ཡིད་ལ་གསལ་ལེར་འཆར་ཡོང་།ད་དུང་དེ་ཙམ་གྱི་ག་ལ་ཚད་དེ་ངེད་མིང་སྲིང་ཚོ་རྒྱུ་མ་འདེད་པ་བཞིན་འཕྲོའི་འཕྲོར་མགྲོན་དུ་ཡོང་དུས་སྐབས་དེའི་འཚོ་བ་སྟབས་བདེ་མིན་ཡང་ཐབས་ཆགས་དེའི་ཁྲོད་ནས་ཅི་འདྲའི་གནོན་ཤུགས་ཆེན་པོ་རེ་སྟེེར་ཡོད་རྒྱུ་རེད།རི་འགེལ་སྐབས་ངའི་ཨ་ཅེ་གཉིས་ཀ་ཆེ་མགོ་ཡིན་ཡང་རྟ་བཞོན་མི་ཐུབ་པས་གཡག་ལ་སླེ་བོ་རེ་རེའི་ནང་ལ་བཀལ་བ་དང་ང་དང་ངའི་ཕུ་བོ་ནུ་བོ་ཚང་མ་ལ་ལར་སྔོན་ལ་བཟུང་ལ་ལ་རྟའི་འཕོང་ལ་བསྡམས་པ་གོ་ཡོད།ཨ་ཕ་ནོར་རྫི་ཡིན་ལ་ཨ་མ་ཁྱོད་ལུག་རྫི་ཡིན་པའི་ཁ་བ་བབས་པའི་ཉིན་ཞིག་ལ་གཡང་དཀར་ལུག་རྣམས་སོས་དལ་བག་ཕེབས་ཀྱིས་བསྡད་འདུག་པ་མཐོང་སྟེ་ཁྱིམ་གྱི་ཉལ་སའི་ནང་གི་ང་ལྟོགས་ཀྱིན་ཡོད་སྣང་སྐྱེས་ཏེ་འོ་མ་ཞིག་ལྡུད་དུ་ཡོང་ཤུལ་ནས་ལུག་ཚང་མ་གནས་དེ་ནས་གཞན་པའི་ན་ཁུག་ལ་ཞོག་སོང་བ་མཐོང་བས་ན་ནང་ནས་ལུག་གི་རྩྭ་ཟོས་ན་གློ་འབུ་ཡོད་པར་ཞེད་ནས་ཨ་མ་ཁྱེད་ཀྱིས་ལྭ་འདབས་ལག་ལ་བཟུང་སྟེ་བརྒྱུག་བརྒྱུག་པའི་མཐའ་མར་ནུབ་མོ་ཁྱིམ་ལ་ལོག་དུས་རྐང་མགོའི་ལྷམ་སྦང་འདུག་པས།ལྷམ་ཆ་གཅིག་འདི་ལས་གྱོོན་རྒྱུ་མེད་བསམ་ནས་གོ་ཁའི་མེ་འོད་ལ་བསྲོས་རྗེས་ནུབ་ཚལ་སྟབས་བདེ་ཞིག་བཟས་ཏེ་བཞི་རུམ་ལྔ་རུམ་བྱས་ནས་གཉིིད་སོང་།ཕྱི་ཉིན་ཞོགས་པར་སྐྱ་རེངས་བུ་མོ་དང་མཉམ་དུ་མལ་ལས་ལངས་ནས་ལྷམ་ལ་རེག་དུས་ཞོག་ཁོག་བསྲེག་པ་བཞིན་ལྷམ་ཆ་གཅིག་པོ་དེ་མེ་འོད་ཀྱིས་བསྲེག་ནས་ཕྱི་ཤུན་ནང་ཤུན་ཕྱེ་ཡོང་ཟེར་བ་དེ་དྲན་ན་དགོད་སྤྲོ་ལ་ངུ་ཡང་འདོད།

   མ་ཡུམ་ལགས་བྱམས་ལྡན་མ།དེ་དང་དེ་འདྲ་བ་སུ་དང་གང་གིས་བཤད་པ་གོ་བའམ་ཁྱེད་ལ་དྲིས་དྲིས་པའི་ཚིག་ཕྲེང་རེ་གཉིས་ལས་མེད་ཀྱང་།དོན་དུ་ཡུམ་ཆེན་མ་ཁྱོའི་ལུས་གཟུགས་ཚུགས་དྲུག་སྨྱུག་མ་དེ་ང་ཚོའི་ཆེད་དུ་སྒུར་ཞིང་།སྐྲ་ལོ་རྒྱ་ལྕང་ལོ་མ་དེ་ང་ཚོའི་ཆེད་དུ་ཟད་ཅིང་དཀར།ཁྱེད་ཀྱི་སྐར་ཆེན་མིག་ཟུང་ཡང་ང་ཚོའི་སླད་དུ་འོད་མདངས་ཇེ་ཉམས་དང་མིག་ཆུ་ཇེ་མང་མིག་རྩ་ཇེ་དམར་རེད།མདོར་ན་དྲིན་ཆེན་མ་ཁྱེད་ཀྱི་དོན་ལྔ་སྣོད་དྲུག་ང་ཚོར་འབུལ་ཞིང་ཁྱེད་ཀྱི་ཡན་ལག་ལྔ་བོ་ང་ཚོའི་ཆེད་དུ་འཁུམ་སོང་བ།ཐ་ན་ཁྱེད་ཉིད་མི་ཡུལ་འདིར་གསོན་འདོད་པའི་རྒྱུ་རྐྱེན་ཡང་ང་ཚོ་དང་འབྲེལ་བ་དམ་ཟབ་ཡོད་པ་ཚོར་ཡོད་རྟོགས་ཡོད་ཤེས་ཡོད་བྱམས་ལྡན་མ།

 

                                             2016/04/01

                                                   ལན་གྲུ་ནས།


最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 196,200评论 5 462
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 82,526评论 2 373
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 143,321评论 0 325
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 52,601评论 1 267
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 61,446评论 5 358
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 46,345评论 1 273
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 36,753评论 3 387
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 35,405评论 0 255
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 39,712评论 1 294
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 34,743评论 2 314
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 36,529评论 1 326
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 32,369评论 3 315
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 37,770评论 3 300
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 29,026评论 0 19
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 30,301评论 1 251
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 41,732评论 2 342
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 40,927评论 2 336

推荐阅读更多精彩内容